མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་གཞིས་རྩེ་ས་ཁུལ་དེ་ས་ཁུལ་རིམ་པའི་གྲོང་ཁྱེར་ལ་བསྒྱུར་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-13 11:35

གཞིས་ཀ་རྩེའི་གྲོང་ཁུལ་གྱི་རྣམ་པ། 

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཞིས་རྩེ་ས་ཁུལ་དེ་ས་ཁུལ་རིམ་པའི་གྲོང་ཁྱེར་ལ་བསྒྱུར་རྒྱུ་དང་། དེ་སྔའི་རྫོང་རིམ་པའི་གཞིས་རྩེ་གྲོང་ཁྱེར་དེ་བསམ་གྲུབ་རྩེ་ཁུལ་ལ་བསྒྱུར་རྒྱུར་མཆན་བཀོད་བཀའ་ལན་གནང་བས། དེ་རང་རྒྱལ་གྱི་ལོ་རྒྱུས་དུས་ཡུན་ཐུང་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ལ་འགྱུར་རྒྱུ་ཡིན་ལ། བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་གྲོང་ཁྱེར་ཕུད་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་གཉིས་པ་དེར་ཡང་གྱུར་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་བཙུགས་པའི་ས་ཁུལ་རིམ་པའི་གཞིས་རྩེ་གྲོང་ཁྱེར་ལ་ཁོངས་གཏོགས་ཁུལ་1དང་རྫོང་17ཡོད་པ་དང་། སྲིད་འཛིན་རྒྱ་ཁྱོན་ལ་འགྱུར་བ་མེད་ཅིང་། དེའི་སྒོ་བྱང་འགེལ་བའི་མཛད་སྒོ་ད་ལོའི་ཟླ་བ་8པའི་ཟླ་མཇུག་གམ་ཟླ་བ་9པར་གཉེར་རྒྱུ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག