མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི《བསྟན་འགྱུར》གྱི་པར་ཤིང་སང་ལོ་བརྐོས་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-13 11:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ང་ཚོས《བསྟན་འགྱུར》གྱི་པར་ཤིང་བརྐོ་བའི་ལས་དོན་སྤེལ་མགྱོགས་སུ་བཏང་ནས་སང་ལོ་རྦད་དེ་བརྐོས་ཟིན་པའི་བརྩོན་ལེན་བྱ་རྒྱུ”ཡིན་ཞེས་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཟླ་7ཚེས་10ཉིན་གསར་འགོད་པར་བརྗོད།

བོད་བརྒྱུད་ནང་བསྟན་གྱིས་ཤཱཀྱ་མུ་ནེའི་བཀའ་རྣམས་བོད་སྐད་དུ་བསྒྱུར་པར་བཀའ་འགྱུར་དང་དེའི་དགོངས་འགྲེལ་ཆེད་དུ་བརྩམས་པའི་རྒྱ་གར་དང་རྒྱ་ནག་གི་མཁས་པའི་བསྟན་བཅོས་བོད་སྐད་དུ་བསྒྱུར་པར་བསྟན་འགྱུར་ཞེས་བརྗོད་ཀྱི་ཡོད།བསྟན་འགྱུར་ནང་ཕྱོགས་བསྒྲིགས་བྱས་པ་ནི་རྒྱལ་བའི་ཐུགས་སྲས་དང་དེ་བཞིན་དུས་རྗེས་སུ་ཐོན་པའི་ནང་བསྟན་མཁས་དབང་གིས་བརྩམས་པའི་གསུང་རབ་ཀྱི་དགོངས་འགྲེལ་ཡིན།བསྟན་འགྱུར་གྱི་པར་ཤིང་ནང་མཁས་པས་བརྩམས་པའི་ལེགས་བཤད་དང་།འགྲེལ་པ།གསང་སྔགས་ཀྱི་སྐོར།རྣམ་ཐར།བརྡ་སྤྲོད་སོགས《བཀའ་འགྱུར》ནང་མ་ཚུད་པའི་ནང་དོན་ལྡན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།བཀའ་འགྱུར་གྱི་པར་ཤིང་རྐོ་བའི་ལས་ཀའི་ནང་དཔེ་ཆ་གླེགས་བམ་225བརྐོ་དགོས་པ་དེ་སྔོན་དཔག་བྱས་ན་པར་ཤིང་76460བརྐོ་དགོས་པའི་ནང་ནས་མིག་སྔར་བརྐོ་རྒྱུར་ལུས་པའི་པར་ཤིང་4300ལས་མེད་པ་དང་།བརྐོ་རྒྱུར་ལུས་པའི་དཔེ་ཆ་རྣམས་ཀྱི་ཡི་གེ་ཆུང་བའི་དབང་གིས་པར་ཤིང་རྐོ་བའི་དཀའ་ཚད་ཆེ་རུ་ཕྱིན་རྐྱེན་པར་རྐོའི་མྱུར་ཚད་དལ་དུ་སོང་རུང་སང་ལོ་ཚང་མ་རྐོ་ཐུབ་རེ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།རྐོ་བཞིན་པའི་བསྟན་འགྱུར་དེ་གཙོ་བོ་སྣར་ཐང་གི་བསྟན་འགྱུར་གཞི་མར་བྱས་པ་དང་།དེ་ནི་བོད་བརྒྱུད་ནང་བསྟན་གྱི་བཀའ་གདམས་པའི་གནའ་དགོན་སྣར་ཐང་དགོན་པའི་མིང་ཐོགས་པ་ཞིག་ཡིན།

སྣར་ཐང་དགོན་པ་ནི་བོད་ཁུལ་གྱི་པར་ཁང་ཆེན་པོ་གསུམ་ཁྲོད་ཀྱི་དུས་སྔ་ཤོས་ཀྱི་པར་ཁང་ཞིག་ཡིན།ངག་རྒྱུན་ལ་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ཕྱོགས་བསྒྲིགས་ཏེ་བཀའ་བསྟན་འགྱུར་ནི་འདི་གར་ཐོག་མར་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་པ་དང་།རིགས་གཅིག་མཁས་ཅན་ཞིག་གིས་དེ་ནི་རྗེས་སུ་ཐོན་པའི་བསྟན་འགྱུར་མང་ཆེ་བ་སྣར་ཐང་གི་བསྟན་འགྱུར་མ་གཞིར་བྱས་ནས་པར་བརྐོ་བྱས་པ་ཞིག་རེད་ཅེས་བརྗོད།

དཔྱད་གཞིའི་ཡིག་ཆའི་ཐོག་ནས་ལོ་རྒྱུས་ཐོག་སྣར་ཐང་དགོན་པར་དམག་འཁྲུག་དང་རང་བྱུང་གནོད་འཚེ་ཡང་ཡང་ཕོག་པ་དང་གཙོ་བོ“རིག་གསར”ནང་རྩ་ཆེའི་པར་ཤིང་མང་པོ་བོར་བརླག་ཏུ་སོང་བ་དང་རྗེས་སུ་རྩད་འཚོལ་གང་ཡོད་བྱས་པ་བརྒྱུད་པར་ཤིང་9000ཙམ་རྩད་ཆོད་ཐུབ་པ་མངོན་གྱི་ཡོད།

ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྟག་བྲག་བསྟན་འཛིན་དགེ་ལེགས་ཀྱིས་ཉེ་ལམ་ལོ་ཤས་ནང་བོད་ཀྱིས་བསྟན་འགྱུར་གྱི་པར་ཤིང་བརྐོ་བའི་ལས་ཀར་ཤུགས་སྣོན་བརྒྱབ་པ་དང་སྦྲགས་བཀའ་འགྱུར་པར་རྒྱག་གི་སྤུས་ཚད་མཐོར་གཏོང་གིས་དཔེ་ཆར་སྲུང་སྐྱོང་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ལ་དད་ལྡན་མང་ཚོགས་ཀྱི་དགོས་མཁོ་ཡང་བསྐངས་ཡོད་ཅེས་བརྗོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག