ཉིང་ཁྲི་ས་ཁུལ་གྱི་ཤ་མོ།
林芝松茸
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་བཅུ་བའི་ཉིང་ཁྲི་ས་ཁུལ་གྱི་དངུལ་གཏོང་ཉོ་ཚོང་གྲོས་ཚོགས་དང་སྐབས་བཞི་བའི་ཉིང་ཁྲི་ས་ཁུལ་གྱི་ཤ་མོའི་ཟས་རིགས་རིག་གནས་ཡུལ་སྐོར་དུས་ཆེན་ཟླ7པའི་ཚེས12ནས་ཚེས13ཉིན་བརྒྱད་གཅིག་གྲོང་རྡལ་གྱི་ཧྥུ་ཅན་སྤྱི་གླིང་དུ་སྤེལ་རྒྱུ་རེད།
རྒྱུས་ལོན་ལྟར་ན། ཐེངས་འདིའི་གྲོས་མོལ་ཚོགས་འདུ་དེ་ཀྲུང་ཀུང་ཉིང་ཁྲི་ས་ཁུལ་ཨུ་ཡོན་ལྷན་ཁང་དང་ཉིང་ཁྲི་ས་ཁུལ་གྱི་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ཉིང་ཁྲི་ས་ཁུལ་ཚོང་དོན་ཅུའུ་དང་། ཉིང་ཁྲི་ས་ཁུལ་གནས་སྐོར་ཅུའུ། ཉིང་ཁྲི་ས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་འཁུར་ནས་སྒྲུབ་པ་ཡིན། ཐེངས་འདིའི་དུས་ཆེན་སྐབས་སུ། འགོ་ཚུགས་མཛད་སྒོའི་དམངས་སྲོལ་རིག་རྩལ་འཁྲབ་སྟོན་དང་། ཚོང་འགུག་དངུལ་འདྲེན་རྣམ་གྲངས་ཆེད་བསྒྲིགས་ཁྱབ་སྤེལ་གྲོས་ཚོགས། ཕ་ཡུལ་གྱི་ཟས་མཆོག་འགྲན་བསྡུར། མཁས་བའི་བགྲོ་གླེང་སོགས་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་རྒྱུ་ཡིན་པ་རེད། །