མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ལོ་སྟོད་དུ་ཆབ་མདོ་ས་ཁུལ་གྱིས་རོང་འབྲོག་པ་མི་ཁྲི3.23ལས་གནས་སྟེང་ཞུགས་པར་སྤོ་སྒྱུར་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-07-11 10:57

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ་བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་གཏིང་གྲངས་ལོན་པ་དང་། དུས་རྒྱུན་དུ་རྟོག་ཞིབ་བྱེད་པ། གསོ་སྦྱོང་ལ་ཤུགས་སྣོན་པ་སོགས་བྱེད་ཐབས་མང་པོ་སྤྱད་དེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་བ་ལྷག་མ་ལས་ཞུགས་སྤོ་སྒྱུར་བྱེད་པའི་བྱ་བར་སྐུལ་འདེད་བཏང་། ཟླ7པའི་ཚེས6ཉིན་བར་དུ་། རླངས་འཁོར་སྐོར་ཚུལ་དང་། སྦག་སྦག་འཁོར་ལོ་ཞིག་གསོ། སྔོ་ཚོལ་འདེབས་འཛུགས། བོད་ལུགས་རི་མོ་འབྲི་ཚུལ་སོགས་རྩལ་ནུས་གསོ་སྦྱོང་ཐེངས18སྤེལ་བ་དང་། མི་ཐེངས2064ལ་གསོ་སྦྱོང་བྱས་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་བ་མི་ཁྲི3.23ལས་གནས་སྟེང་ཞུགས་པར་སྤོ་སྒྱུར་བྱས་པ་ལས་ཡོང་སྒོ་སྒོར་དུང་ཕྱུར1.25ལ་སླེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག