མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ལོ་སྟོད་དུ་ཆབ་མདོ་ས་ཁུལ་གྱིས་ཚོང་འགུག་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར94.22ལ་སླེབས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-07-11 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་ཚོང་རྫས་ཕྱིར་གཏོང་ནང་འདྲེན་བྱེད་པའི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ཏེ། ཚོང་འགུག་དངུལ་འདྲེན་བྱ་བར་ཚད་བརྒལ་རང་བཞིན་ལྡན་པའི་འཕེལ་རྒྱས་བྱུང་བར་མངོན་འགྱུར་བྱས་ཏེ། ས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྐྱེད་པ་རེད། ད་ལོའི་ཟླ1པོ་ནས་ཟླ6པའི་བར། ཆབ་མདོ་ས་ཁུལ་གྱི་རྫོང11དང་གསར་སྤེལ་ཁུལ་གྱིས་བསྡོམས་པས་ཚོང་ལས་རྣམ་གྲངས64ནང་འདྲེན་བྱས། དེའི་ནང་གསར་འཛུགས་རྣམ་གྲངས32ཡོད་པ་དང་། བསྟུད་མར་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས20ཡོད། གན་རྒྱ་བཞག་པའི་རྣམ་གྲངས12ཡོད་དེ། གན་རྒྱ་བཞག་ཡོད་པའི་མ་དངུལ་སྒོར་དུང་ཕྱུར94.22ཡོད་པ་དང་། དོན་དངོས་སུ་ལག་ཏུ་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར4.95ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག