མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཕེལ་རྒྱས་བརྟན་ལྷིང་གི་ རྨང་གཞི་བརྟན་དུ་བཏང་བ།

རང་ལྗོངས་ཀྱིས་གཞི་རིམ་བཅོས་སྒྲིག་ལས་དོན་ གསར་གཏོད་བྱས་པའི་སྐོར་གྱི་སྒྲིལ་གླེང་།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-11 10:29

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་བཏང་བའི་ལོ་འགོར་རང་ལྗོངས་ཀྱིས《〈སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གལ་ཆེའི་གནད་དོན་འགའི་གཏན་འབེབས〉ལག་ལེན་བསྟར་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་ལག་བསྟར་བསམ་འཆར》བཏོན་པ་དང་དེའི་ནང་ཤང་གྲོང་གཙོ་བོར་བྱེད་པའི་རང་ལྗོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྒྲིག་དང་སྒྱུར་བཅོས་ཐད་བཀོད་སྒྲིག་གསལ་པོ་བྱས་པ་ཚུད་ཡོད།

    《བསམ་འཆར》བཏོན་ཚུན་རང་ལྗོངས་ཀྱིས་ཤང་དང་གྲོང་རྡལ་དང་གྲོང་ཚོ་རིམ་པའི་སྲིད་དབང་སྟོབས་ཆེར་གཏོང་བ་དང་། གྲོང་ཚོར་ལས་བྱེད་པ་བཅའ་སྡོད་བྱེད་པའི་ལས་དོན་གཏིང་ཟབ་སྒྲུབ་པ། “གཉིས་ལྡན་དུད་སྦྲེལ”ལས་དོན་སྒྲུབ་པ། དྲ་ཚིགས་ཀྱི་དོ་དམ་ཁྱབ་གདལ་གཏོང་བ་སོགས་ཐད་ཀྱི་ལས་དོན་ཧུར་ཐག་བསྒྲུབས་ཁར་ཤང་གྲོང་དང་སྡེ་ཁུལ་གསར་གཏོད་ལྡན་པའི་ངང་བཅོས་སྒྲིག་བྱས་པས་གཞི་རིམ་འཕེལ་རྒྱས་བརྟན་ལྷིང་གི་རྨང་གཞི་ནུས་ལྡན་ངང་བརྟན་དུ་བཏང་ཡོད།

    གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་བསྒྲུབས་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་བ།

    གོང་རིམ་གྱི་གཅིག་གྱུར་འགོ་ཁྲིད་འོག་འོག་རིམ་གྱིས་ལས་དོན་སྣ་ཚོགས་བཀའ་ལྟར་བསྒྲུབས་ཤིང་། གཞི་རིམ་ལས་དོན་རྙོག་འཛིང་ཆེ་ཞིང་དེ་བས་གལ་ཆེན་ཞིག་ཡིན།

    དེས་ན་རང་སྐྱོང་ལྗོངས་ཀྱི་གྲོང་ཚོར་ལས་བྱེད་པ་བཅའ་སྡོད་བྱེད་པའི་ལས་དོན་གཏིང་ཟབ་བསྒྲུབ་རྒྱུ་དམ་འཛིན་བྱེད་གཞིར་བརྩིས་ནས་སྔ་རྟིང་དུ་ཁག་གསུམ་ལ་བགོས་པའི་ལས་དོན་རུ་ཁག་5460མངགས་གཏོང་བྱས་པ་དང་ལས་བྱེད་པ་ཁྲི་7ཙམ་གཞི་རིམ་དུ་བསྐྱོད་ནས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་།སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཕྱུག་འགྱུར་ལམ་བུ་ཡངས་པོར་གཏོད་པ། ཏང་གི་དྲིན་གསོའི་སློབ་གསོ་གཏོང་བ། བྱ་བཟང་དང་བྱ་བ་ངོ་མ་སྒྲུབ་པ་བཅས་ལས་འགན་གཙོ་བོ་ལྔ་ལ་དམིགས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་བསྒྲུབས་ཁར་མང་ཚོགས་ལ་འབྲེལ་བ་དང་ཞབས་འདེགས་ཞུས་ནས་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་དེའང་ལྗོངས་ཏང་ཨུད་ཀྱིས་བོད་སྐྱོང་བའི་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པ་དང་2020ལོར་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    གཞི་རིམ་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“ལེགས་པོ་ལྔའི”བླང་བྱ་ལྟར་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ཧུར་ཐག་བསྒྲུབས་ནས་སྔ་རྟིང་དུ་ཏང་ཡོན་གསར་པ་ཁྲི་2ཙམ་ཏང་ནང་བཅུག་པ་དང་ཏང་དོན་དང་གྲོང་དོན་ཡོངས་བསྒྲགས་ལམ་ལུགས་ཁྲི་3ཙམ་འཐུས་ཚང་དུ་བཏང་ཡོད། ཕྱུག་འགྱུར་འཇོན་ཐང་ཅན་མང་པོ་ཞིག་ཏང་ནང་བཅུག་པ་དང་ཏང་ཡོན་ཧ་ཅང་མང་པོ་ཞིག་ཕྱུག་འགྱུར་འཇོན་ཐང་ཅན་དུ་གསོ་སྦྱོང་བྱས་ཁར་ཏང་ཡོན་གྱི་ཕྱུག་འགྱུར་འཇོན་ཐང་ཅན་མང་པོ་གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པར་གསོ་སྦྱོང་བྱས་ཏེ་ལས་དོན་བསྒྲུབ་བསམས་པ་དང་། ལས་དོན་སྒྲུབ་ཐུབ་པ། ལས་དོན་སྒྲུབ་མཁས་པ་བཅས་ཀྱི་མི་སྣ་འབོར་ཆེན་གྲོང་ཚོའི“ཨུ་ལྷན་གཉིས་ཀྱི”ཚན་ཁག་ནང་འདེམས་བསྐོ་བྱས་ཡོད།

    གཞི་རིམ་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཛ་དྲག་པོར་དམིགས་ཏེ་མང་ཚོགས་མི་ཐེངས་ཁྲི་300ལྷག་ཙམ་ལ་དྲིལ་བསྒྲགས་སློབ་གསོ་བཏང་ནས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་རང་འགུལ་ངང་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་ཁར་ཏང་གི་རྗེས་སུ་འབྲངས་སུ་བཅུག་ཡོད། དུད་ཚང་ཁྲི་སྟོང་མང་པོར་བསྐྱོད་དེ་འགལ་བ་དང་རྩོད་གཞི་དང་དེ་བཞིན་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་པ་དང་མང་ཚོགས་སྒྲིག་འཛུགས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཚོད་འཛིན་སྒྲིག་སྲོལ་སྔར་བས་འཐུས་ཚང་དུ་བཏང་བས་མཉམ་འགོག་མཉམ་བཅོས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་རྣམ་པ་ཞིག་ཆགས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་ཡོང་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    གཞི་རིམ་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ཀྱི་འབབ་འཕར་ལམ་བུ་ཡངས་པོ་མེད་པའི་དོན་དངོས་ལ་དམིགས་ཏེ་བསམ་ཕྱོགས་གསལ་བཟོ་དང་། དཀའ་གནད་སེལ་བ། ཐབས་ལམ་འཚོལ་བ། འབབ་འཕར་ལ་སྐུལ་འདེད་གཏོང་རོགས་བཅས་བྱས་པ་དང་འབྲེལ་ཁྱོན་མ་འཇོག་སྒོར་དུང་ཕྱུར་18ལས་བརྒལ་བའི“མ་དངུལ་གཏོང་ཉུང་ལ་དུས་ཡུན་ཐུང་བ་དང་ཕན་འབྲས་ཐོན་མྱུར་བའི”རྣམ་གྲངས་འབོར་ཆེན་ལག་ལེན་བསྟར་ནས་དཔལ་འབྱོར་འཕར་གཞི་གསར་པ་མང་པོ་སྐྱེད་སྲིང་བྱས་པས་ཞིང་འབྲོག་ཁུལ་གྱི“རང་འཕེལ་ནུས་པ”དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་སོང་ཐོག་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཕྱུག་པོ་ཆགས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལམ་བུར་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་གལ་ཆེན་བཏོན་ཡོད།

    གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་གཏིང་ཟབ་ཏུ་གཏོང་ཞོར་དུ་རང་ལྗོངས་ཀྱིས་ད་དུང“གྲོང་ཚོ་དང་དུད་ཚང་དུ་སྐྱོད་ནས་ཆ་སྒྲིག་གཉེན་འཚོལ་གྲོགས་སྒྲིག”གི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཁྲི་ཁ་ཤས་ཀྱིས་ཞིང་འབྲོག་པ་དབུལ་པོ་དང་ཆ་སྒྲིག་གཉེན་འཚོལ་བྱས་ཁར་ལས་བྱེད་པས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ཀྱི་གནས་ཚུལ་གོང་ཞུའི་ཕུགས་ཕན་ལམ་སྲོལ་བཙུགས་ཡོད་ཅིང་། མིག་སྔར་ཏང་ཡོན་ལས་བྱེད་པའི་འབྲེལ་གཏུག་ས་ཚིགས་ཁྱོན་ཡོངས་སུ་ཁྱབ་ཡོད།

    དུད་སྦྲེལ་ལས་དོན་སྒྲུབ་ནས་མཉམ་འགོག་མཉམ་བཅོས་བྱ་རྒྱུར་སྐུལ་འདེད་བཏང་བ།

    ནག་ཆུ་ས་ཁུལ་ནག་ཆུ་རྫོང་ལྷོ་མ་གྲོང་རྡལ་གྲོང་ཚོ་10པའི་དུད་སྦྲེལ་སྤྱི་མི་བསོད་ནམས་བསྟན་འཛིན་གྱིས“ང་ཚོའི་དུད་སྦྲེལ་ཚན་པའི་ཚེ་བརྟན་གཡང་སྐྱིད་ཀྱི་ཕྲུ་གུ་ན་ནས་ས་ཁུལ་སྨན་ཁང་དུ་སྡོད་དུས་ཕྱུགས་རིགས་ལ་ལྟ་མཁན་མེད་པར་གྱུར་སྐབས་དུད་སྦྲེལ་ཚན་པའི་མང་ཚོགས་ཀྱིས་རང་འགུལ་ངང་ཕྱུགས་འཚོ་རྒྱུའི་ཁས་ལེན་བྱས་པས་ཁོང་གི་སེམས་ཁྲལ་སེལ་ཡོད་ཅིང་། ད་ཆ་ཁྱིམ་ཚང་ཚང་མར་དཀའ་ངལ་འཕྲད་ཚེ་ཚང་མས་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད”ཅེས་བཤད་ཡོད།

    “གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་ནི་རང་ལྗོངས་ཀྱིས་འཕེལ་རྒྱས་བརྟན་ལྷིང་གི་ལག་ལེན་ཁྲོད་གསར་དུ་ཐོན་པའི་སྤྱི་ཚོགས་བཅོས་སྒྲིག་ཁྱབ་ཁོངས་ཀྱི་ལམ་ལུགས་གསར་གཏོད་གལ་ཆེན་ཞིག་ཡིན་པ་དེར་ལག་ལེན་གྱི་ཁྱད་ཆོས་གསལ་པོ་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད། “དུད་སྦྲེལ”ལས་དོན་གྱིས་སྤྱི་ཚོགས་བཅོས་སྒྲིག་གི་ལྟེ་བ་སྔར་བས་གཤམ་སྤོ་བྱས་ཏེ་སྤྱི་ཚོགས་དོ་དམ་ཞབས་ཞུ་དང་མང་ཚོགས་ལས་དོན་ཟུང་འབྲེལ་དམ་ཟབ་དང་འཕེལ་རྒྱས་བརྟན་ལྷིང་གི་ལས་འགན་གྲོང་ཁྱེར་དང་གྲོང་གསེབ་ཏུ་དོན་འཁྱོལ་དང་དུད་ཚང་ཁྲི་སྟོང་མང་པོར་དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚགས་དམ་པོའི་བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་བསྐྲུན་པ་དང་མཉམ་འགོག་མཉམ་བཅོས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ཆགས་སྟངས་ཤིག་བཏོད་དེ་སྤྱི་ཚོགས་ཞི་མཐུན་ནང་མི་ཚང་མ་ཞུགས་པ་དང་ཞི་མཐུན་སྤྱི་ཚོགས་མི་ཚང་མས་མཉམ་སྤྱོད་ཐུབ་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པ་བྱས་ཡོད།

    མིག་སྔའི་བར་ལྗོངས་ཡོངས་སུ“གཉིས་ལྡན་དུད་སྦྲེལ”ལས་དོན་ཁྱོན་ཡོངས་ལ་ཁྱབ་ཡོད། གྲངས་གཞི་ལས་མངོན་དོན། “གཉིས་ལྡན་དུད་སྦྲེལ”ལས་དོན་སྤེལ་ཚུན་ལྗོངས་ཡོངས་སུ་ཉེས་དོན་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་19.52%ཉུང་དུ་ཕྱིན་པ་དང་། བདེ་འཇགས་བཅོས་སྒྲིག་གི་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་9%ཉུང་དུ་ཕྱིན་པ། འགལ་བ་དང་རྩོད་གཞི་སྣ་ཚོགས་དུས་མཚུངས་ལས་29.7%ཉུང་དུ་ཕྱིན་པ། མེ་སྐྱོན་དོན་རྐྱེན་ཐོན་ཚད་39.06%ཉུང་དུ་ཕྱིན་པ། མི་དམངས་མང་ཚོགས་ཀྱིས“བདེ་འཇགས་ཚོར་སེམས”ལ་བློ་ཡིད་ཚིམས་ཚད་98.67%ཟིན་ཡོད།

    སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་པ།

    སྤྱི་ཚོགས་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱེད་་པའི་སྔོན་དུ་ཚོད་ལྟ་བྱེད་ཡུལ་ཡིན་པའི་ངོས་ནས་ལྷ་ས་གྲོང་ཁྱེར་གྱིས་རང་ངེས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲེང་ཀོན་ཆུས་ཀྱི་ཁྱབ་ཁོངས་ནང་སྡེ་ཁུལ་དྲ་མིག་ཅན་གྱི་དོ་དམ་ལས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་འཐུས་ཚང་རང་བཞིན་དང་། སྟབས་བདེའི་རང་བཞིན། དོ་སྙོམས་རང་བཞིན། ཁྱད་པར་རང་བཞིན་བཅས་ཀྱི་རྩ་དོན་གཞིར་བཟུང་སྡེ་ཁུལ་དེ་དྲ་མིག་མང་པོར་དབྱེ་བ་དང“1+5+X”ཡི་དྲ་མིག་སྟོབས་ཤུགས་རྣམ་པ་གཏན་འཁེལ་བྱས་ཁར་དྲ་མིག་གི་དྲ་དཔོན་དང་། ཕྱོགས་མིའི་ཞབས་ཞུ་བ། ཡུལ་མིའི་ལས་དོན་གྱི་འབྲེལ་གཏུག་པ། བདེ་འཇགས་སྲུང་སྐྱོང་བ། མི་དམངས་ཉེན་རྟོག་པ་སོགས་ལས་གནས་མང་པོ་ཞིག་བཀོད་སྒྲིག་བྱས་པས་སྤྱི་ཚོགས་དོ་དམ་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།

    ད་ཆ་གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དེ་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཆེ་ཆུང་གང་སའི་ཁྲོམ་གཞུང་དང་སྲང་ལམ་ཁག་ཏུ་ཁྱབ་ནས་དམངས་བདེ་དང་། དམངས་ཕན། དམངས་སེམས་བདེ་འགོད་བཅས་ཀྱི་ཉིན་གང་གི་ཕྱོགས་བསྡུས་རང་བཞིན་གྱི་སྒྲིག་བཀོད་ཅིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་དྲ་མིག་ཅན་གྱི་དོ་དམ་བྱེད་སྟངས་དེ་སྡེ་ཁུལ་དང་། གྲོང་མིའི་ཚོགས་ཆུང་། ཡུལ་མི་སྡོད་ཁུལ་བཅས་སུ་སྣུར་སྲིང་བྱས་ནས་འགལ་ཟླ་དྲ་མིག་ནང་འདུམ་འགྲིག་ཐག་གཅོད་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམས་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག