མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་ཆར་དུས་ཤར་ནས་གློག་འཁྱུག་ཐོག་རྒྱག་དང་སེར་བ་བབས་པ་སོགས་ཀྱི་གནམ་གཤིས་བསྟན་མང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-10 15:31

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་7ཉིན་གྱི་ཕྱི་དྲོ་གསར་འགོད་པས་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར། མངའ་རིས་ས་ཁུལ་དང་ནག་ཆུ་ས་ཁུལ་གྱི་ནུབ་རྒྱུད་ཕུད་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་ཆར་དུས་ཤར་བས་འབྲེལ་ཡོད་སྡེ་ཚན་གྱིས་གློག་འཁྱུག་ཐོག་རྒྱག་དང་སེར་བ་་བབས་པ་སོགས་ཀྱི་གནམ་གཤིས་ལ་དོགས་ཟོན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་དྲན་སྐུལ་བྱས་ཡོད།

    དཔྱད་གཞིའི་ཡིག་ཆ་གསར་ཤོས་ལས་མངོན་པར་གཞིགས་ན། གཟའ་ཟླ་བ་ནས་ཕུར་བུ་བར(ཟླ་7ཚེས་7ཉིན་ནས་ཚེས་10ཉིན་བར)ནག་ཆུ་ས་ཁུལ་དང་། ཆབ་མདོ་ས་ཁུལ། ཉིང་ཁྲི་ས་ཁུལ། གཙང་པོའི་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་སིམ་སིམ་འབབ་རྒྱུ། གཟའ་པ་སངས་ནས་ཉི་མ་བར(ཟླ་7ཚེས་11ཉིན་ནས་ཚེས་13ཉིན་བར)ཉིང་ཁྲི་ས་ཁུལ་དང་ལྷོ་ཁ་ས་ཁུལ་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་རེ་ཟུང་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ་བཅས་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག