མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་ཚོགས་འདུའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-10 15:30

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་7ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་སར་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཆེད་དོན་ཚོགས་འདུ་ཐེངས་45པ་གཙོ་སྐྱོང་གནང་ནས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ལྗོངས་ཀྱི་བོད་འབྲེལ་ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་སྐོར་བཀོད་སྒྲིག་བྱས་པ་རེད།

    ཝུའུ་དབྱིང་ཅེས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་ཀྱི་ཁྱད་ཆོས་གསར་པ་དང་འགྱུར་ལྡོག་གསར་པ་གནད་ལ་འཁེལ་པོས་སྟངས་འཛིན་བྱས་པ་དང་། རྒྱུན་འཛིན་དང་འཕེལ་རྒྱས་ཟུང་འབྲེལ་དང་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ། རང་རྒྱལ་གྱི་ཕྱི་འབྲེལ་འཐབ་ཇུས་བྱེད་ཕྱོགས་དང་སྲིད་ཇུས་ཀྱི་འདོད་ཚུལ་སྐོར་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བ། རང་རྒྱལ་གྱི་ཕྱི་འབྲེལ་དར་བའི་དུས་སྐབས་དང་། འཕེལ་རྒྱས་ཀྱི་དུས་སྐབས། གསར་འབྱེད་ཀྱི་དུས་སྐབས་བཅས་གསར་པ་ཞིག་ཏུ་བསྐྱོད་རྒྱུའི་ཁྲིད་སྟོན་བྱས་པ།

    གྲུབ་འབྲས་གལ་ཆེན་དང་དགེ་མཚན་ལྡན་པའི་འཕེལ་རྒྱས་རབ་དང་རིམ་པ་བྱུང་བ། རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ཉམས་འགྱུར་དང་མཐའ་འཁོར་ཇུས་བཀོད་བདག་གཉེར་བྱེད་པའི་བློ་གྲོས་གང་ལེགས་མངོན་པར་བྱས་པ། རྒྱལ་ནང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་ཕྱི་ཕྱོགས་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་ཆེད་དེ་བས་དགེ་མཚན་ལྡན་པའི་ཁོར་ཡུག་བཏོད་པ། ང་ཚོས་དུས་སྐབས་གསར་པའི་བོད་འབྲེལ་ཕྱི་དོན་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་ཆེད་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་པ་བཅས་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་རང་ལྗོངས་ཀྱི་ཕྱི་དོན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས”པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས”པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། བོད་ཡུན་རིང་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས། རྨང་གཞི་བརྟན་དུ་གཏོང་བ་བཅས”ཀྱི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ལ་བརྩི་དགོས་པ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གྱི་བླང་བྱར་གཞིགས་ནས་ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་ལག་ལེན་ནན་པོ་བསྟར་བ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་རང་རྟོགས་ངང་དང་ལེན་དང་ཞབས་འདེགས་ཞུ་བ། རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ། དྲང་བདེན་དང་ཁེ་ཕན་གྱི་ལྟ་བ་ཡང་དག་མཐའ་འཁྱོངས་བཅས་བྱས་ནས་རང་ལྗོངས་ཀྱི་ཕྱི་དོན་ལས་དོན་གྱིས་དེ་བས་ལེགས་པའི་སྒོ་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་དགོས།

    ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ཕྱི་ཕྱོགས་དྲིལ་བསྒྲགས་ནི་བོད་འབྲེལ་ཕྱི་འབྲེལ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས“གདན་འདྲེན་ཞུ་བ་དང་ཕྱིར་སྐྱོད་ཤུགས”སྔར་བས་ཆེ་རུ་གཏོང་བ་དང་། ཧུར་བརྩོན་རང་འགུལ་དང་ལུགས་དང་མཐུན་ལ་མཚམས་ཚིགས་ཡོད་པ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱི་རྒྱལ་གྱི་མཛའ་གྲོགས་མི་སྣ་བོད་དུ་འཚམས་འདྲིར་གདན་འདྲེན་ཞུ་བ། བབ་བསྟུན་སྣེ་ཁྲིད་དང་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བོད་དུ་ཡོང་མཁན་ཕྱི་རྒྱལ་བར་ཞི་མཐུན་བརྟན་ལྷིང་དང་། ཚན་རིག་དང་མཐུན་པའི་གོང་འཕེལ། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་། ཕྱི་ཕྱོགས་སྒོ་དབྱེ། དཔྱིད་དཔལ་བཞད་པ་ལྟ་བུ་བཅས་ཀྱི་ཇི་མ་ཇི་བཞིན་དང་གསོན་ཉམས་དོད་པའི་བོད་ལྗོངས་ཤིག་མངོན་པར་བྱེད་དགོས། བྱེད་ཐབས་དང་ཐབས་ཤེས་ལ་སྣང་ཆེན་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་དངོས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་དང་བོད་དུ་ཡོང་བའི་ཕྱི་རྒྱལ་བའི་མཐོང་ཐོས་སྤྱད་དེ་འབྲེལ་ཡོད་རྒྱལ་ཁབ་དང་སྨྱན་སྦྱོར་ཐོག་དྲིལ་བསྒྲགས་བྱས་ཏེ་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་ཇུས་གཞི་ཆེ་མོ་དང་མི་རིགས་དང་ཆོས་ལུགས་སྲིད་ཇུས་སྔར་བས་དྲིལ་བསྒྲགས་བྱེད་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་བཏང་བར་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་དྲིལ་བསྒྲགས་བྱེད་པ། རང་ལྗོངས་ཀྱི་མི་རིགས་ཁག་གིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་བའི་རྣམ་པ་བཟང་པོ་དྲིལ་བསྒྲགས་བྱེད་པ། རང་ལྗོངས་ཀྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་གསར་གཏོད་བྱས་པའི་ལག་ལེན་ནུས་ལྡན་རབ་དང་རིམ་པ་དྲིལ་བསྒྲགས་བྱེད་པ། རང་ལྗོངས་ཀྱིས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་བཏང་བ་དང་བོད་ཀྱི“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ”སྲུང་སྐྱོང་བྱས་པའི་ཕན་འབྲས་དངོས་དྲིལ་བསྒྲགས་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བའི་ལྡོག་མེད་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་དུ་འཇུག་པ། དམངས་ཆེད་དུ་ཏང་འཛུགས་པ་དང་བོད་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཀྲུང་གོ་གུང་ཁྲན་ཏང་གི་དཀའ་སྤྱད་ཚད་མེད་ཀྱི་འབད་བརྩོན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་ཐོབ་པའི་གཡུར་ཟའི་འབྲས་བུ་མཐོང་བ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དམངས་ཆེད་དམངས་ཕན་གྱི་སྲིད་ཇུས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་གནང་བའི་དངོས་ཕན་མཐོང་བ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པའི་ཡིད་ཆེས་དང་ཆོད་སེམས་ཚོར་བ་བྱེད་པ། རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བཟོས་པའི་རྫུན་གཏམ་གྱི་མཐིལ་སྔར་བས་བརྟོལ་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་བོད་འབྲེལ་ཕྱི་འབྲེལ་འཐབ་རྩོད་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

    (བསོད་ནམས་ནོར་བུས་བསྒྱུར། བསོད་ནོར་དང་ལྷ་དབང་ཚེ་འཕེལ་གྱིས་ཞུས )

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག