མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་ལུས་རྩལ་འགྲན་ཚོགས་རྩེད་ཐང་གྲོང་རྡལ་དུ་སྤེལ་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-07-10 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་ལུས་རྩལ་འགྲན་ཚོགས2014ལོའི་ཟླ8པའི་ཚེས29ཉིན་ནས་ཟླ9པའི་ཚེས5ཉིན་བར་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་དུ་གཉེར་རྒྱུ་ཡིན་པ་དང༌། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་བོད་ཀྱི་ལོ་བཞི་རེར་སྐབས་རེ་འཚོགས་པའི་གཞི་ཁྱོན་ཆེ་ཤོས་དང་ཆུ་ཚད་མཐོ་ཤོས་ཀྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། ལུས་རྩལ་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་སྐུལ་མ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།

ལུས་རྩལ་འགྲན་ཚོགས་ཀྱི་མ་དངུལ་གྲབ་གསོག་ཐབས་ལམ་རྒྱ་ཆེར་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལུས་རྩལ་བྱ་གཞག་གོང་འཕེལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་བཅའ་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཕན་བྱ་གཞག་གི་ཞལ་འདེབས་བཅའ་ཁྲིམས་སོགས་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང༌། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ཚོགས་ཀྱི་ཡིད་མཐུན་རོགས་སྐྱོར་དང་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་ལུས་རྩལ་འགྲན་ཚོགས་ཀྱི་སྤྱི་ཚོགས་ཡིད་མཐུན་རོགས་སྐྱོར་བྱ་ཐབས་དང་ཞལ་འདེབས་འབུལ་ཐབས་ཐད་ཀྱི་ཞིབ་ཕྲའི་ནང་དོན་སྤྱི་ཚེས7ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བཀོད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག