མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་བཞིན་ཡོད་པས་གྲངས་འབོར་མངོན་གསལ་ངང་ཇེ་མང་དུ་གྱུར་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-10 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནགས་ལས་ཞིབ་བཤེར་འཆར་འགོད་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཆབ་མདོ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཞིབ་བཤེར་ཐེངས་གཉིས་པ་ལས་མངོན་གསལ་ལྟར་ན། སྨར་ཁམས་ཧུང་ལ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་རི་དྭགས་གསེར་མདོག་སྤྲེའུ་ཡི་གྲངས་ཀ་ནི་དུས་རབས་སྔོན་མའི་ལོ་རབས90བའི་སྟོད་ཀྱི50ལྷག་ནས་ད་ལྟའི700ལྷག་ལ་གོར་འཕར་བྱུང་ཡོད། རྐྱང་རིགས་སྲུང་སྐྱོང་ཁུལ་གྱི་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོང་རི་དྭགས་རྐྱང་ནི700ལྷག་ནས900ཙམ་ལ་གོང་འཕར་བྱུང་ཡོད།

ཆབ་མདོ་ས་ཁུལ་ནི་བོད་ལྗོངས་ཀྱི་ཤར་རྒྱུད་དུ་ཡོད་པ་དང་། གནས་དེར་གདོད་མའི་ནགས་ཚལ་དང་རང་བྱུང་བརླན་ས་སོགས་སྲུང་སྐྱོང་ལེགས་པོ་ཐོན་ཡོད། སྲོག་ཆགས་ཀྱི་རིགས་སྣ་མང་བ་དང་། ཉེ་བའི་ལོ་འགའི་རིང་དུ། ས་ཁུལ་དེའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲངས་ཀ་མུ་མཐུད་དུ་ཇེ་མང་བྱུང་བ་དང་བསྟུན་ནས། རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་གྲངས་ཀའང་མངོན་གསལ་དུ་གོང་འཕར་བྱུང་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་སྤེལ་བའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཞིབ་བཤེར་ཁྲོད་དུ། རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་གྲངས་ཀ་མངོན་གསལ་དུ་གོང་འཕར་བྱུང་ཡོད་པ་རྩད་ཞིབ་བྱུང་ཡོད་པ་ལས་གཞན། ད་དུང་གངས་གཟིག་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་སྣ་མང་པོ་ཞིག་གསར་རྙེད་བྱུང་ཡོད་པས། དེ་ནི་སྔར་ལས་ལྷག་པར་བོད་ལྗོངས་ཤར་ཕྱོགས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པར་རོགས་འདེགས་ཐོན་པ་མ་ཟད། དུས་མཚུངས་སུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ཐད་ལའང་སྐུལ་འདེད་ཐོན་པ་རེད།

བོད་ལྗོངས་ཀྱིས་སྔོན་མར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། ལྷོ་ཁ་ས་ཁུལ་སོགས་ནས་གངས་གཟིག་གི་རྐང་རྗེས་རྙེད། ད་ལོའི་ཟླ་བ་དྲུག་པར་བོད་ལྗོངས་ཤར་ཕྱོགས་ས་ཁུལ་ནས་ཀྱང་གངས་གཟིག་རྙེད་པ་རེད།

གཞི་གྲངས་ལས་མངོན་གསལ་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་རིགས་སྣ་ཞེ་བདུན་ཟིན་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ41.37 ཡོད་པ་དང་། ལྗོངས་ཡོངས་ཀྱི་ས་ཁོངས་རྒྱ་ཁྱོན་གྱི33.9%ཟིན་ཡོད། བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེར་གནས་པས་སྐྱེས་ཁམས་ཞན་པ་རེད། བོད་རང་སྐྱོང་ལྗོངས་ནགས་ལས་ཐང་གིས་བསྟན་དོན། རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་ཡིས་རི་སྐྱེས་སྲོག་ཆགས་རྩ་ཆེན་གསོ་སྤེལ་དང་འཚོ་སྡོད་ཐད་ལ་སྲུང་སྐྱོང་ནུས་ལྡན་ཐོན་ཡོད་ལ། རི་དྭགས་རྩ་ཆེན་གྱི་གྲངས་ཀའང་ལོ་རེ་བཞིན་ཁ་སྣོན་བྱུང་ཡོད།

བོད་རང་སྐྱོང་ལྗོངས་ནགས་ལས་ཐང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྲོའུ་ཡི་འགན་ཁུར་མི་སྣ་ཝུའུ་ཁྲིན་གྱིས། མིག་སྔར་བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ས་ཚིགས་གཙོ་བོ་ནི་འཛུགས་སྐྲུན་བྱེད་འཚག་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་སྲུང་སྐྱོང་ནུས་ལྡན་ཐོན་ཡོད་པས། རི་སྐྱེས་སྲོག་ཆགས་ཐོན་ཁུངས་མུ་མཐུད་དུ་བཀོལ་སྤྱོད་དང་རང་བྱུང་རི་སྐྱེས་མ་ལག་འཁོར་སྐྱོད་གནས་ཚུལ་བདེ་བླག་ཡིན་པར་འགན་ལེན་ཐོབ་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། ད་ལྟའི་བར་དུ་བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་སྐྱེས་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ནས་མ་ལག་ཆ་ཚང་དང་ས་གནས་རིང་བཞིན་གྱི་ཁོར་ཡུག་སྲུང་སྐྱོང་ཁྲིམས་སྲོལ་མ་ལག་གྲུབ་ཡོད།

འཛུགས་སྐྲུན་ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ། དཔལ་འབྱོར་གསར་སྤེལ་སོགས་མིས་བཟོས་བྱ་སྤྱོད་སྤེལ་བར་བཀག་འགོག་ནན་མོ་བྱས་ཡོད། དུས་མཚུངས་སུ་ནགས་ལས་སྡེ་ཁག་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཁྲིམས་འཛིན་ནུས་པ་ཇེ་ཆེར་བཏང་ཡོད་པས། ཁྲིམས་འགལ་དུ་རི་དྭགས་རྔོན་པ་དང་རི་སྐྱེས་སྲོག་ཆགས་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་གནས་ཚུལ་བྱུང་བར་བཀག་འགོག་ནུས་ལྡན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག