ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དམངས་སྲིད་ཅུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་དོ་དམ་བེད་སྤྱོད་ལམ་ལུགས་དང་། འགྲོ་ལུགས་གཉེར་བའི་བརྒྱུད་རིམ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། རོགས་སྐྱོབ་བྱེད་ཡུལ་མི་སྣས་དུས་ཐོག་དང་སྟབས་བདེའི་ངང་སྨན་བཅོས་རོགས་སྐྱོབ་མ་དངུལ་ལེན་ཐུབ་རྒྱུར་སྟབས་བདེ་སྐྲུན་ཡོད་པ་དང་། རོགས་སྐྱོབ་བྱེད་ཡུལ་མི་སྣའི་ཡིག་ཚགས་ལེགས་སྒྲིག་གིས་ཡིག་ཚགས་ནང་འཇུག་པའི་ལས་དོན་ཡག་པོ་སྒྲུབ་ཡོད་པ་རེད།
ལོ་སྟོད་དུ་གྲོང་ཁྱེར(གྲོང་རྡལ)གྱི་ཡུལ་མི19ཡི་སྨན་བཅོས་རོགས་སྐྱོབ་ཀྱི་མ་དངུལ་སྒོར57000རྩིས་ཞུ་བྱས་ཡོད་པ་དང༌། ཞིང་འབྲོག་མང་ཚོགས509ལ་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་ཚོ217རྩིས་ཞུ་བྱས་ཡོད་པ་རེད། །