ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་གཞུང་ལམ་ཐོག་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི་ཚོ56.74ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་པ་ལས13.43%འཕར་ཡོད་པ་དང་། གཞུང་ལམ་བརྒྱུད་བོད་ནས་དངོས་ཟོག་གཏོང་འདྲེན་བྱེད་ཚད་ཀྲོན་ཁྲི་ཚོ64.67ཟིན་པ་དེ་ལོ་གོང་མའི་དུས་མཚུངས་པ་ལས9.01%འཕར་ཡོད་པ་རེད། །