མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལས་བྱེད་པ་དང་མང་ཚོགས་བར་བློ་སེམས་གཅིག་ཏུ་མཐུན།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན།  2014-07-10 10:42

ལྕགས་རྟ་གྲོང་ཚོའི་ཚྭ་ཞིང་དུ་ལས་དོན་རུ་མི་དང་ཡུལ་མིས་མཉམ་དུ་ཚྭ་སྐམ་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་རིང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་མཉམ་དུ་ངལ་རྩོལ་བྱེད་པའི་རྩ་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་སྐུལ་སློང་གིས་མང་ཚོགས་ཀྱི་འདོད་བློ་དང་དཀའ་ངལ་ཤེས་རྟོགས་ཧུར་ཐག་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཆེད་བྱ་བ་དངོས་དང་བྱ་བོ་བཟང་པོ་བསྒྲུབས་ནས་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བས་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག