ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས2014ལོའི་ལོ་སྟོད་ཀྱི་འཆམ་མཐུན་དཔེ་ལེགས་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གྲྭ་བཙུན་སྔོན་ཐོན་ཅན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས་ཏེ། ད་ལོའི་ལོ་སྟོད་དུ་བྱུང་བའི་འཆམ་མཐུན་དཔེ་ལེགས་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གྲྭ་བཙུན་སྔོན་ཐོན་ཅན་སྐོར་ཞིག་ལ་གཟེངས་བསྟོད་བྱས་པ་རེད།
ལྷ་ས་གྲོང་ཁྱེར་གྱི་ཏང་ཨུའུ་ཧྲུའུ་ཅིའམ། ལྷ་ས་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བློ་བཟང་བསྟན་པས་བསྟན་དོན། དགོན་སྡེ་དོ་དམ་གྱི་ཡུན་རིང་གི་ལམ་ལུགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། ཆོས་ལུགས་མཐུན་འགྲིག་དང་། དགོན་སྡེ་འཆམ་མཐུན། ཆོས་དོན་བདེ་བླག་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་གཅེས་ཁྲིམས་སྲུང་གྲྭ་བཙུན་སྔོན་ཐོན་ཅན་ལེགས་འདེམས་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། དགོན་སྡེ་སོ་སོས་འཆམ་མཐུན་དཔེ་ལེགས་དགོན་སྡེ་གཏོད་པ་དང་། གྲྭ་བཙུན་རྣམས་ཀྱིས་རྒྱལ་གཅེས་ཁྲིམས་སྲུང་གྲྭ་བཙུན་སྔོན་ཐོན་ཅན་རྩོད་པའི་ཁོར་ཡུག་ཡག་པོ་བསྐྲུན་དགོས། དེ་མིན་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པར་འབད་བརྩོན་བྱས་ཏེ། དགོན་སྡེ་བཅའ་སྡོད་བྱ་བ་གཏི་ཟབ་ཏུ་སྤེལ་ནས། དགོན་སྡེ་དོ་དམ་ཞབས་ཞུའི་སློབ་གསོ་འགན་ནུས་སྒྲུབ་ཏེ། དགོན་སྡེའི་རྒྱུན་ལྡན་གྱི་སྒྲིག་ལམ་ལ་སྲུང་སྐྱོང་ནན་མོ་བྱེད་དགོས་ཟེར། །