ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་ཡི་གནས་སྐོར་ཚོང་རའི་ཚོང་ཁ་བྲིན་ཞིང་གནས་སྐོར་ཚོང་ར་བདེ་འཇགས་བརྟན་རླིང་ངང་འཁོར་སྐྱོད་བྱེད་བཞིན་ཡོད་དེ། གནས་སྐོར་བ་སྣེ་ལེན་བྱེད་ཚད་འཕར་སྣོན་ཆེན་པོ་བྱུང་ཡོད་ཅིང་། བསྡོམས་པས་གནས་སྐོར་བ་མི་ཐེངས་ཁྲི1297068སྣེ་ལེན་བྱས་པ་དང་། དུས་མཉམ་ལས31.19%འཕར་ཡོད། གནས་སྐོར་ཡོང་སྒོ་སྒོར་ཁྲི58316.7མངོན་འགྱུར་བྱས་ཤིང་དུས་མཉམ་ལས10%བཅས་འཕར་ཡོད་པ་རེད། །