མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“མཁའ་དབྱིངས་བོད་ལྗོངས”ལས་མི་རྣམས་ཀྱི་ཡིད་དབང་འཕྲོག

—རང་ལྗོངས་ཀྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིལ་གླེང་།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-09 10:11

    རིག་གནས་ཀྱི་ནང་དོན་ཞིབ་ཕྲ་སྔོག་འདོན་གཏིང་ཟབ་བྱེད་པ།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག“བོད་དེ་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས”ཞེས་བཏོན་ཞིང་། ཚོཌ་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཕྱིར་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་ཀྱི་ནང་དོན་ཞིབ་ཕྲ་སྔོག་འདོན་གཏིང་ཟབ་བྱེད་པ་དང་ཞབས་འདེཌ་ལེགས་པར་ཞུས་ཏེ“ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པའི”དྲིལ་བསྒྲགས་འཐབ་ཇུས་མཐའ་འཁྱོངས་ཀྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་མ་གཏོང་བ་དང་འཛམ་གླིང་གི་ཡུལ་སྐོར་དམིཌ་ས་གལ་ཆེན་ཧུར་ཐག་གཏོད་པ་རེད།

    ཁྱད་ཆོས་ཟབ་མོ་ལྡན་པའི་མི་རིགས་གོམས་སྲོལ་དང་། མི་རིཌ་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་གྱོན་ཆས་རིག་གནས། ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མི་རིགས་གོམས་གཤིས། ཕུན་སུམ་ཚོགས་པའི་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་བཅས་ནི་ཡུལ་སྐོར་བ་མང་པོ་བོད་དུ་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད།

    རང་སྐྱོང་ལྗོངས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཀྱི་འགྲན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནང་དོན་ཞིབ་ཕྲ་སྔོག་འདོན་གཏིང་ཟབ་བྱེད་པ། རིག་གནས་ཡུལ་སྐོར་ལ་སྐུལ་མ་གཏོང་བ་བཅས་བྱས་ནས་བོད་འདི་ཉིད་ཐུན་མིན་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་ལྡན་པ་དང་། སྣོད་བཅུད་ཁོར་ཡུག་བཟང་བ། སྤྱི་ཚོགས་ཤེས་དཔལ་དང་ཞི་མཐུན་ལྡན་པ་བཅས་ཀྱི་ཡུལ་སྐོར་དམིགས་ས་ཞིག་ཏུ་རིམ་གྱིས་འཛུགས་སྐྲུན་བྱས་ནས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་འཛུགས་སྐྲུན་བྱ་ཕྱིར་རྨང་གཞི་ཡག་པོ་ཞིག་འདིང་དགོས་ཞེས་བཏོན་པ་རེད།

    མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དུས་ཆེན་བཏང་ཚེ། བོད་ཀྱི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བཏོད་ཐུབ་པ་དང་། རིག་རྩལ་འགྲེམས་འཁྲབ་དང་། རིག་གནས་སྤེལ་རེས། ཡུལ་སྐོར་ལྟ་སྐོར། དཔལ་འབྱོར་མཉམ་ལས་བཅས་གཞི་གཅིག་ཅན་དུ་གྱུར་བའི་ནུས་པ་འདོན་སྤེལ་ཐུབ་པ་མ་ཟད། བོད་ཀྱི་དུས་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་བོད་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ལ་ཐུན་མིན་གྱི་ཡིད་དབང་འགུག་ཤུགས་ཀྱང་ལྡན་པའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མཚོན་ཐུབ་པས། ལྷ་མོ་དང་། མི་རིགས་གླུ་གར། གླིང་སྒྲུང་། ཐང་ག་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྤུས་རྟགས་སྐྱེ་བོ་དེ་བས་མང་བས་རྒྱུས་མངའ་ལོན་ཐུབ་པ་དང་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི“མིང་བྱང”དང་ཡུལ་སྐོར་བའི་ཡིད་དབང་འཕྲོག་པའི་རིག་གནས་ཀྱི་བཀྲ་མདངས་འཚེར་སར་གྱུར་ཐུབ།

    ཞབས་འདེགས་ལེགས་པར་ཞུ་བ།

    ཡུལ་སྐོར་གྱི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཡུལ་སྐོར་ཐོན་ལས་གང་མགྱོགས་འཕེལ་རྒྱས་བཏང་སྟེ་ཡུལ་སྐོར་བ་ཚོར་ཚད་ལྡན་ཅན་དང་། རང་གཤིས་ཅན། བརྩེ་སེམས་ཅན་བཅས་ཀྱི་ཞབས་འདེགས་ལེགས་པར་ཞུ་ཕྱིར། རིམ་ཁག་ཡུལ་སྐོར་སྡེ་ཚན་གྱིས་མཛེས་ལྗོངས་ཁུལ་དང་མགྲོན་ཁང་སོགས་ཡུལ་སྐོར་ཁེ་ལས་གལ་ཆེན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྣེ་ཤན་པ་སོགས་ཡུལ་སྐོར་ལས་ཞུགས་མི་སྣ་གཙོ་བོར་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་ཡོང་བ་བྱེད་པ། ཡུལ་སྐོར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཐད་ཀྱི་ཁོང་ཚོའི་ཕྱོགས་སྟོན་དང་སྐུལ་གཏོང་གི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པ་རེད།

    རང་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་ཁག་གིས“ཁྱད་ལྡན་དང་། རྩེར་སོན། སྤུས་རྟགས”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་ཀྱིས“བདེ་འཇགས་དང་། སྤུས་ལེགས། ཕན་མཐོ”བཅས་ཀྱི་ཞབས་འདེགས་ཞུས་ནས་ཡུལ་སྐོར་གྱི་དཔལ་འབྱོར་ཕན་འབྲས་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་ཡོང་བ་བྱེད་པ། ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་ཐབས་ལམ་བཙལ་འཚོལ་བྱས་ནས་བོད་ཀྱི་ཡུལ་སྐོར་དཔལ་འབྱོར་རྒྱུན་སྲིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་བ་དང་། “མི་གཙོ་བོར་འཛིན་པ་དང་མགྲོན་པོ་གལ་ཆེ་ཤོས་སུ་བརྩི་བའི”འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཞིབ་ཕྲ་ནས་དམ་འཛིན་བྱས་ཏེ་ཡུལ་སྐོར་བ་ཚོར་ཞབས་ཞུ་སྤུས་ལེགས་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡོད་པ་རེད།

    ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡུལ་སྐོར་ཁོར་ཡུག་ལེགས་སུ་བཏང་ཞིང་། གཙོ་གནད་ཐོག་ཡུལ་སྐོར་འགྲིམ་འགྲུལ་བདེ་འཇགས་དང་། ཡུལ་སྐོར་ཆུ་ཐོག་བདེ་འཇགས། ཡུལ་སྐོར་བཟའ་བཅའི་བདེ་འཇགས། ཡུལ་སྐོར་ཞག་སྡོད་བདེ་འཇགས་སོགས་བདེ་འཇགས་འགན་ལེན་གྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྐོར་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཡུལ་སྐོར་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཡུལ་སྐོར་བདེ་འཇགས་ཀྱི་འཕྲལ་སྡོམ་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་བདེ་འཇགས་ཀྱི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་གི་ཡོད་པ་རེད།

    “ཕྱིར་སྐྱོད་པ་དང་གདན་དྲངས་པ”མཐའ་འཁྱོངས་བྱེད་པ།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཡུལ་སྐོར་དྲིལ་བསྒྲགས་དང་བྲིན་ཚོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷ་སའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་དང་ཉིང་ཁྲིའི་སྣོད་བཅུད་ཡུལ་སྐོར་ས་ཁུལ་ཆེ་མོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཇོ་མོ་གླང་མ་དང་། ཡར་ཀླུང་གཙང་པོ་རོང་ཆེན། གནས་རི་གནས་་མཚོ་སོགས་རྒྱལ་ཁབ་སྤྱི་གླིང་དང་དེ་བཞིན་ཞང་ཞུང་རིག་གནས་དང་། ཡར་ཀླུང་རིག་གནས། ཇ་རྟའི་གནའ་ལམ། བྱང་ཐང་གི་བདག་ཏུ་མི་བཟུང་བའི་སྲོག་ཆགས་ལྟ་སྐོར་བར་ཁྱམས་སོགས་ཡུལ་སྐོར་སྤུས་རྟགས་བཏོད་པ་རེད། དུས་མཚུངས་ཡུལ་སྐོར་དེ་བོད་མི་རིགས་ཀྱི་སྣོད་བཅུད་དང་རིག་གནས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཁྱད་དུ་འཕགས་པའི་རིག་གནས་དང་གདོད་མའི་སྣོད་བཅུད་ཀྱི་ཡིད་དབང་འགུགས་ཤུགས་མཚོན་པར་བྱེད་པ། “རྩེར་སོན་དང་། སྤུས་རྟགས། ཁྱད་ལྡན”བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་རྒྱུན་སྲིང་ངང་འཕེལ་རྒྱས་བཏང་བ་རེད།

    ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་རིགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང“ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པའི”བྱ་ཐབས་ཞིབ་ཕྲ་བཟོས་ཤིང་། ད་ལོར་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱིས་སྐོར་སྐྱོད་དྲིལ་བསྒྲགས་སོགས་དྲིལ་བསྒྲགས་འོས་སྦྱོར་གྱི་བྱེད་སྒོ་སྤེལ་ནས་བརྒྱུད་རིམ་ལྡན་ལ་ཕྱོགས་ཡོངས་ནས་ནང་སའི་ཡུལ་སྐོར་བ་ཚོར་བོད་ཀྱི་ངོ་མཚར་གཏམ་རྒྱུད་བཤད་དེ། མི་དེ་བས་མང་བ་བྱེད་སྒོར་ཞུགས་པ་བརྒྱུད་བོད་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག