མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པར་སྤྱི་ཚོགས་ནས་རོགས་རམ་བྱེད་པ་དང་ཞལ་འདེབས་འབུལ་བའི་བྱ་ཐབས་བཏོན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-09 10:10

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ཟླ་8ཚེས་29ནས་ཟླ་9ཚེས་5ཉིན་བར་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་དུ་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་འཚོག་རྒྱུ་ཡིན་པ་དང་། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་བོད་དུ་ལོ་བཞིར་ཐེངས་རེ་འཚོགས་པའི་གཞི་ཁྱོན་ཆེ་ཤོས་དང་ཆུ་ཚད་མཐོ་ཤོས་ཀྱི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཡིན་པ་དེས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས་། དེ་བཞིན་ལུས་རྩལ་བྱ་གཞག་འཕེལ་རྒྱས་མྱུར་པོ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད། ལུས་རྩལ་འགྲན་ཚོགས་ཀྱི་མ་དངུལ་གྲབས་གསོག་གི་ཐབས་ལམ་རྒྱ་ཆེར་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལུས་རྩལ་བྱ་གཞག་འཕེལ་རྒྱས་སུ་ཞུགས་རྒྱུར་སྣེ་ཁྲིད་ཐུབ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཕན་བྱ་གཞག་ལ་ཞལ་འདེབས་འབུལ་བའི་བཅའ་ཁྲིམས》སོགས་འབྲེལ་ཡོད་ཁྲིམས་སྲོལ་ལ་གཞིགས་ནས་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་སྒྲིག་འཛུགས་ཨུ་ལྷན་ནས་ཆོག་མཆན་སྤྲད་པ་ལྟར་སྤྱི་ཚོགས་ནས་རོགས་རམ་དང་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད་པ་རེད། (པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག