མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མཚོ་བོད་མཐོ་སྒང་གི་ཚན་རིག་ཚོད་ལྟ་ཐེངས་གསུམ་པ་བོད་ལྗོངས་ནས་སྤེལ་མགོ་ཚུགས་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-07-08 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་བོད་མཐོ་སྒང་གི་ཚན་རིག་ཚོད་ལྟའི་མཐའ་མཚམས་རིམ་པའི་ལས་གཞི་ཐེངས་གསུམ་པའི་དངོས་འབེབས་ཚོགས་འདུའི་སྟེང་རྒྱུས་ལོན་བྱས་པ་ལྟར་ན། མཚོ་བོད་མཐོ་སྒང་གི་ཚན་རིག་ཚོད་ལྟའི་མཐའ་མཚམས་རིམ་པའི་ལས་གཞི་ཐེངས་གསུམ་པ་ཟླ་འདིར་ནག་ཆུའི་ཨ་མདོ་དང་འབྲི་རུ། དཔལ་མགོན། གཉན་རོང༌། ལྷ་རི་བཅས་རྫོང་ཁག་ལྔ་དང་གནམ་མཚོ་སོགས་ས་གནས་ནས་དུས་མཉམ་དུ་ལྟ་དཔྱད་ཚད་འཇལ་བྱེད་མགོ་རྩོམ་རྒྱུ་རེད།

ཀྲུང་གོ་བཟོ་བསྐྲུན་གླིང་གི་གླིང་གཙོ་ཞིས་ཞང་ཏི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་བོད་མཐོ་སྒང་གི་ཚན་རིག་ཚོད་ལྟ་ཐེངས་གསུམ་པ་ནི་མཚོ་བོད་མཐོ་སྒང་དང་མཐའ་འཁོར་ས་ཁོངས་ཀྱི་ཕྱོགས་གསུམ་མཉམ་འབྲེལ་ཚོད་ལྟའི་མ་ལག་གི་རྨང་གཞིའི་སྟེང་གྲུབ་པ་དང༌། མཚོ་བོད་མཐོ་སྒང་གི་མཐའ་མཚམས་ཀྱི་ནམ་མཁའ་དང་བར་སྟོང༌། ས་ངོས་གསུམ་གཅིག་འདུས་རང་བཞིན་གྱི་ཚོད་ལྟ་མངོན་འགྱུར་བྱེད་པ་ཞིག་ལགས། མིག་སྔར་ཐོབ་པའི་བརྡ་འཕྲིན་གནས་སྟངས་ལ་གཞིགས་ན། དཔྱད་བསྡུར་མཇུག་འབྲས་ནི་མཐའ་མཚམས་རིམ་པའི་ལས་གྲངས་བཅོས་བསྒྱུར་དང་རྒྱུ་ཆ་གཅིག་བཟོ། དབྱེ་ཞིབ་སོགས་ཀྱི་ཐད་ནས་ཐོན་པའི་བེད་སྤྱོད་རིན་ཐང་དང༌། ལྷག་པར་དུ་མཐོ་སྒང་གི་གནམ་གཤིས་རིག་པ་འཕེལ་རྒྱས། རང་རྒྱལ་གྱི་གནོད་ཚབས་ཆེ་བའི་གནམ་གཤིས་ཚོད་དཔག་གཞུང་ལུགས་ཀྱི་ལག་རྩལ་གནད་དོན་ཐག་གཅོད་དང་གནམ་གཤིས་སྔོན་བརྡ་དང་གནམ་གཤིས་སྔོན་བརྡ་ཐུང་ཤོས་ཀྱི་ཚོད་དཔག་ཆུ་ཚད་མཐོར་འདེགས། རྒྱལ་ཁབ་ཀྱི་རང་བྱུང་གནོད་སྐྱོན་སྔོན་འགོག་དང་མེད་བརླགས་སུ་གཏོང་བ། དེ་མིན་མཚོ་བོད་མཐོ་སྒང་གིས་འཛམ་གླིང་རང་བཞིན་གྱི་གནས་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་གསལ་བཤད་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་པ་རེད་ཟེར།

མིག་སྔར་ཚོད་ལྟའི་རང་བཞིན་གྱི་བྱ་བ་མཇུག་སྒྲིལ་བ་དང༌། མི་འགྱངས་པར་ལག་རྩལ་མི་སྣས་དཔྱད་འདེམས་བྱས་པའི་ཚོད་ལྟའི་ས་གནས་སུ་སྣ་མང་དྲང་འཕྱང་གི་རེག་བརྡ་དཔྱད་ཆས་དང་རླབས་ཕྲན་འགྱེད་འཕྲོ་དཔྱད་ཆས། ས་ངོས་ཆར་ཐིགས་དཔྱད་ཆས་སོགས་དེང་རབས་ཀྱི་ཚོད་ལྟའི་སྒྲིག་གཞི་མཁོ་སྤྲོད་བྱས་ཏེ། སྤྲིན་འབབ་ཆུའི་དངོས་ལུགས་དང་འགུལ་ཤུགས་ལས་གྲངས་དངོས་སུ་ཚོད་ལྟ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག