མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་དམངས་འཚོ་ལེགས་བཅོས་དཔེ་སྟོན་གྲོང་ཁྱེར་སོགས་ཀྱི་མཚན་སྙན་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-07-08 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་པེ་ཅིན་དུ་ཚོགས་པའི2014ལོའི་གྲོང་ཁྱེར་གོང་འཕེལ་སྤུས་ཚད་ཞིབ་བསྡུར་ཚོགས་འདུ་དང་། རྒྱལ་ཡོངས་ཀྱི་དམངས་འཚོའི་དཔེ་སྟོན་གྲོང་ཁྱེར་གྱི་འགྲེམ་བསྒྲགས་ཚོགས་འདུའི་བྱེད་སྒོའི་ནང་། ལྷ་ས་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་དམངས་འཚོ་ལེགས་བཅོས་ཀྱི་དཔེ་སྟོན་གྲོང་ཁྱེར་ཁག་དང་པོའི་གྲས་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྟེན་གཞི་ཁག་དང་པོའི་གྲས་ཀྱི་མཚན་སྙན་ཐོབ་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་བཅོལ་ལས་ཞུགས་ལས་དོན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་དཔེ་མཚོན་ནང་ཞུགས་ཐུབ་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། 2014ལོའི་གྲོང་ཁྱེར་གོང་འཕེལ་སྤུས་ཚད་ཞིབ་བསྡུར་ཚོགས་འདུ་དང་། རྒྱལ་ཡོངས་ཀྱི་དམངས་འཚོའི་དཔེ་སྟོན་གྲོང་ཁྱེར་གྱི་འགྲེམ་བསྒྲགས་ཚོགས་འདུའི་བྱེད་སྒོ་དེ་ཀྲུང་གོའི་ཕུགས་མདུན་དང་མི་གཙོ་བོར་འཛིན་པ། གཅིག་འགྱུར་བཀོད་སྒྲིག་རང་བཞིན་བཅས་ཀྱིས་གཙོ་བོ་བྱས་ཏེ་གྲོང་ཁྱེར་གོང་འཕེལ་གྱི་སྤུས་ཚད་མཐོར་གཏོང་དང་། མི་གཙོ་བོར་འཛིན་པའི་གྲོང་ཁྱེར(གྲོང་རྡལ)ཅན་འཛུགས་སྐྲུན། གྲོང་ཁྱེར(གྲོང་རྡལ)ཅན་གྱི་དམངས་འཚོའི་ངོ་བོ་མངོན་པ་བཅས་ལ་དམིགས་ནས་འཚོལ་ཞིབ་ཀྱིས་སྤེལ་བ་དང་། གཅིག་བསྡུས་ཐོག་དེང་སྐབས་དང་འབྱུང་འགྱུར་གྱི་རྣམ་པ་གསར་པའི་གྲོང་ཁྱེར(གྲོང་རྡལ)ཅན་གྱི་གོང་འཕེལ་གྱི་ཆོས་ཉིད་དང་འཆར་འགོད་སྙོམས་སྒྲིག་ཚོད་འཛིན་ཐད་གཅིག་བསྡུས་ཐོག་གྲོས་བསྡུར་བྱས་པ་རེད།

ཞིབ་བསྡུར་ཚོགས་འདུ་དང་དུས་གཅིག་ཏུ་སྤེལ་བའི་དམངས་འཚོ་ལེགས་བཅོས་ཀྱི་དཔེ་སྟོན་གྲོང་ཁྱེར་གྱི་གཟེངས་བསྟོད་བྱེད་སྒོའི་ནང་ས་ཆ་ཁག་གིས། དམངས་བདེ་དམངས་ཕན་གྱི་ལས་ཀའི་ཞིབ་ཕྲའི་བྱ་ཐབས་ཐད་ཕྱོགས་བསྡོམས་བྱས་པ་མ་ཟད། དམངས་འཚོ་ལེགས་བཅོས་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་མཁན་གྲོང་ཁྱེར་དང་རྫོང་ལ་གཟེངས་བསྟོད་དྲིལ་བསྒྲགས་བྱས་ནས། སྤྱི་ཚོགས་ཞི་མཐུན་གོང་འཕེལ་གྱི་བཟང་ནུས་བརྒྱུད་སྤེལ་ཧུར་ཐག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག