ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་2ཉིན་གྱི་སྔ་དྲོ་ཀྲུང་གོ་བོད་ལྗོངས་རིག་གནས་ཡུལ་སྐོར་སྤྲོ་འཆམ་གསར་གཏོད་གླིང་ཁུལ“ཞོ་སྟོན་གནའ་གྲོང”གི་རྣམ་གྲངས་ལྷ་སར་རྩིག་རྨང་བཏིང་བ་རེད།
“ཞོ་སྟོན་གནའ་གྲོང”ནི་ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྲུང་གོ་བོད་ལྗོངས་རིག་གནས་ཡུལ་སྐོར་སྤྲོ་འཆམ་གསར་གཏོད་གླིང་ཁུལ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དེ་གླིང་ཁུལ་ཁོངས་ཀྱི་ཚེ་མཆོག་གླིང་དུ་ཡོད་ཅིང་། རིག་གནས་ཡུལ་སྐོར་སྤྲོ་འཆམ་གསར་གཏོད་གླིང་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་8.14ཡིན་པར་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་30ནས་40བར་བཏང་ནས་2017ལོར་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།