ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་མིའི་རྩོལ་བར་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལྟེ་གནས་ཀྱི་ལག་རྩལ་མི་སྣ་ཆབ་མདོ་ས་ཁུལ་གྱི་རྫོང་8དུ་བསྐྱོད་དེ་མིའི་རྩོལ་བར་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་སྒྲིག་ཆས་ལ་བདེ་འཇགས་ཞིབ་བཤེར་ཆེན་པོ་བྱས་པ་དང་འབྲེལ། གཞི་རིམ་གྱི་མིའི་རྩོལ་བར་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལས་དོན་པར་ལས་སྒོ་གསོ་སྦྱོང་ཡང་བྱས་པ་རེད།
ལྗོངས་གནམ་གཤིས་ལས་ཁུངས་མིའི་རྩོལ་བར་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལྟེ་གནས་ཀྱི་ལས་སྒོ་ཁོའོ་ཡི་ཐང་ཧུང་གིས་རང་ལྗོངས་སུ་ཆར་ཆུ་བབས་མང་དུ་ཕྱིན་པ་དང་ཆབས་ཅིག ཞིང་ཁུལ་ཁག་ཀྱང་རིམ་བཞིན་ཆར་དུས་སུ་སླེབས་ཡོད། ད་ཐེངས་ཀྱི་མིའི་རྩོལ་བར་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་སྒྲིག་ཆས་ལ་སྐོར་བཤེར་བྱེད་སྐབས། བོད་དམག་ཁུལ་ཁང་འཕྲུལ་ཆས་བཟོ་གྲྭའི་རིགས་གཅིག་མཁས་ཅན་དམིགས་སུ་གདན་དྲངས་ནས་གཞི་རིམ་ཁག་གི་མིའི་རྩོལ་བར་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལས་སྒོ་ས་ཚིགས་ཀྱི་མཁའ་འཕེན་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་སོགས་མིའི་རྩོལ་བར་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་སྒྲིག་ཆས་ལ་བདེ་འཇགས་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་བྱེད་སྐབས། ཐོན་པའི་གནད་དོན་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུའི་བསམ་འཆར་ཡང་བཏོན་ཏེ་སྒྲིག་ཆས་ཁག་འགག་རྩའི་དུས་བེད་སྤྱོད་གཏོང་ཐུབ་པའི་འགན་ལེན་དང་བོད་ལ་ལོ་ལེགས་ཡག་པོ་ཡོང་ཆེད་གྲ་སྒྲིག་ཨར་བསར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།