མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཏིང་ཡེ་ཤན་གྱིས་སྲིད་གཞུང་གི་ཆེད་དོན་སློབ་སྦྱོང་ཚོགས་འདུའི་ཐོག བསམ་བློ་གཅིག་གྱུར་དང་དོན་འཁྱོལ་དམ་འཛིན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-07 10:32

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་7ཚེས་2ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཙུང་ལི་ལི་ཁེ་ཆང་གིས་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གི་དཔལ་འབྱོར་ལས་དོན་བཞུགས་མོལ་ཚོགས་འདུ་དང་ནང་སོག་ཁྲེ་ཧྥུང་གྲོང་ཁྱེར་གྱི་ཁེ་ལས་ཁག་གཅིག དེ་བཞིན་དངུལ་རྩའི་སྒྲིག་གཞིའི་འགན་འཁུར་བའི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཏིང་ཡེ་ཤན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་དཔལ་འབྱོར་ལས་དོན་སྐོར་གྱི་ཙུང་ལི་ལི་ཁེ་ཆང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་མིག་སྔའི་དུས་བབ་ཀྱི་ཚན་རིག་དང་མཐུན་པའི་དཔྱད་གཅོད་ཐོག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། ཚན་རིག་གི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་འབབ་འཕར་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་འཕེལ་རྒྱས་དང་བརྟན་ལྷིང་གི“ཕྱོགས་གཉིས་ལ་དམ་འཛིན་བྱེད་པ་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་རྒྱུ”མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱེད་དགོས་པ། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་མ་འཇོག་གི་འགག་རྩ་དང་། འཛད་སྤྱོད་ཀྱི་རྨང་གཞི། ཐོན་ལས་ཀྱི་འདེགས་སྐྱོར། སྲིད་ཇུས་ཀྱི་འགན་ལེན། སྒྱུར་བཅོས་ཀྱི་སྒུལ་ཤུགས། དམངས་འཚོའི་རྩ་བ་བཅས་ལ་དམ་འཛིན་ལྷོད་མེད་བྱེད་པའི་ཁར་འབད་བརྩོན་ལྷོད་མེད་དང་། ཤུགས་རྒྱག་ས་གནད་ལ་འཁེལ་བ་བཅས་བྱས་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་བརྟན་པོར་བཙུགས་ནས་བསམ་བློ་གསར་གཏོད་བྱེད་པ་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་བྱེད་པ། སྐུལ་སློང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག