མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་གནས་སྐོར་ལྗོངས་རྒྱུ་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་དོ་དམ་བྱ་བར་ཤུགས་བསྣན་པ།

  ཡོང་ཁུངས། བོད་ལྗོང་སཉིན་རེའི་ཚགས་པར།  2014-07-07 10:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ཅུའུ་དང་གནས་སྐོར་ཅུའུ་ཡིས་མཉམ་འབྲེལ་ངང་ཆེད་དམིགས་བྱ་འགུལ་སྤེལ་ཏེ། གནས་སྐོར་ལྗོངས་རྒྱུ་ཁུལ་གཙོ་བོའི་ཁོར་ཡུག་གཙང་སྦྲ་བྱ་བར་ཞིབ་བཤེར་བྱས་ཏེ། གནས་སྐོར་ལྗོངས་རྒྱུ་ཁུལ་གྱི་ཁོར་ཡུག་ལ་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པའི་བྱ་བར་ཤུགས་བསྣན་ནས། ལྗོངས་རྒྱུ་ཁུལ་གྱི་ཁོར་ཡུག་ཇེ་ཡག་ཏུ་ཡོང་བར་ཁག་ཐེག་བྱས།

རྒྱུས་ལོན་ལྟར་ན། ཐེངས་འདིའི་ཆེད་དམིགས་བྱ་འགུལ་ཁྲོད། ཡུམ་བུ་བླ་མཁར་དང་། བསམ་ཡས་དགོན་པ། རྒྱལ་བོའི་བང་སོ། ལེགས་པོ་རོང་སོགས་གནས་སྐོར་ལྗོངས་རྒྱུ་ཁུལ་ཆེན་པོ7དང་ལྗོངས་རྒྱུ་ཁུལ་ཉེ་འདེབས་ཀྱི་སྐྱེ་ཁམས་ཁོར་ཡུག་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་ཤིང་། བྱེ་བྲག་ཏུ་ལྗོངས་རྒྱུ་ཁུལ་ནང་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་སྒྲིག་བཅོས་བྱ་བ་དང་། ཐོན་སྐྱེད་འཚོ་བའི་གད་སྙིགས་དང་འགྱིག་རྫས་སྦགས་བཙོག་གནས་ཚུལ། གཙང་སྦྲའི་སྒྲིག་ཆས་ཁ་ཚང་ཡིན་མིན་སྐོར་གྱི་གནས་ཚུལ་དང་། ཁོར་ཡུག་སྲུང་སྐྱོང་དྲིལ་སྒྲོག་བྱ་བ་སོགས་ལ་ཞིད་བཤེར་བྱས།

དུས་རིམ་རྗེས་མར་ལྷོ་ཁ་ས་ཁུལ་གྱི་ཁོར་ཡུག་སྒྲིག་བཅོས་གཞུང་སྒྲུབ་ཁང་གིས་ཐེངས་འདིའི་ཆེད་དམིགས་ཞིབ་བཤེར་དང་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་རྨང་གཞི་སྟེང་། སྐོར་གཟིགས་དང་རྟོག་ཞིབ་རྩད་གཅོད་བྱེད་པར་ཤུགས་སྣོན་རྒྱུ་ཡིན་པ་མ་ཟད། འགན་ནུས་སྒྲུབ་མཁན་སྡེ་ཁག་ལ་ལྟ་ཞིབ་བྱེད་པར་ཤུགས་བསྣན་ཏེ། གནས་སྐོར་ལྗོངས་རྒྱུ་ཁུལ་གྱི་་ཁོར་ཡུག་གཙང་སྦྲའི་དོ་དམ་བྱ་བ་དེ་རྒྱུན་ལྡན་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་གྱི་ལམ་བུ་སྟེང་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག