མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱིས་ལོ་ལྔའི་འཆར་བཞི་བཅུ་གཉིས་པའི་འཆར་འགོད་ལས་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-07 09:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རིང་ལ། མངའ་རིས་ས་ཁུལ་གྱི་ལོ་ལྔའི་འཆར་བཞི་བཅུ་གཉིས་པའི་འཆར་འགོད་ཁྲོད་ཀྱི་ལས་གཞི་སོ་སོའི་འཕེལ་རིམ་བདེ་བླག་ཡིན་ཞིང་། རྒྱལ་ཁབ་ཀྱི་མ་དངུལ་བཏང་བའི་ལས་གཞི་གཙོ་བོ119འཆར་གཞི་ལྟར་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་དེ། དེ་ལས་མངའ་རིས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཆེན་པོ་བསྐྱེད་ཡོད་པ་མ་ཟད། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མཆོང་བརྒལ་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བྱེད་པའི་ནུས་བ་བཏོན།

རྒྱུས་ལོན་ལྟར་ན། ལས་གཞི་གཙོ་བོ119ཁྲོད། མངའ་རིས་ས་ཁུལ་གྱིས་འགན་འཁུར་ནས་རྩ་འཛུགས་དང་ལག་བསྟར་བྱེད་བཞིན་པའི་ལས་གཞི77ཡོད་པ་དང་། རང་སྐྱོང་ལྗོངས་ཀྱིས་འགན་འཁུར་ནས་ལག་བསྟར་བྱེད་བཞིན་པའི་ལས་གཞི42ཡོད། མིག་སྔར་མངའ་རིས་ས་ཁུལ་གྱིས་ལས་གཞི75ཡི་དུས་རིམ་སྔོན་མའི་གྲ་སྒྲིག་བྱ་བ་ལེགས་འགྲུབ་བྱུང་། ལས་གཞི་གཙོ་བོ119བོ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས་ཏེ། ལོ་ལྔའི་འཆར་བཞི་བཅུ་གཉིས་པའི་འཆར་འགོད་ཀྱི་འཕེལ་རྒྱས་དམིགས་འབེན་དུས་ལྟར་ལེགས་འགྲུབ་འབྱུང་ཆེད། མངའ་རིས་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་དུས་རིམ་སྔོན་གྱི་བྱ་བ་དང་། འཛུགས་སྐྲུན། དོ་དམ། གསོག་འཇོག ཁོར་ཡུག་བཅས་ཀྱི་བྱ་བ་ནན་གྱིས་བཟུང་སྟེ། ལས་གཞི་གཙོ་བོའི་འབྲེལ་ཡོད་བྱ་བ་སོ་སོ་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག