ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་སྡེ་ཚོགས་རྫོང་ཨུ་ཡོན་ལྷན་ཁང་གིས། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་སྔོ་ཚལ་འདེབས་འཛུགས་ལག་རྩལ་ཆེད་ལས་མཛུབ་ཁྲིད་དགེ་རྒན་གཉིས་གདན་ཞུ་བྱས་ཏེ། རྫོང་དེར་སྔོ་ཚལ་འདེབས་འཛུགས་ཀྱི་རྩལ་ནུས་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དང༌། རིགས་གཞུང་འགྲེལ་བཤད་དང་ས་ཆ་དངོས་ཀྱི་དོན་དངོས་བཀོལ་སྤྱོད་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས། སྔོ་ཚལ་འདེབས་འཛུགས་དུད་ཚང་ལ་སྦྱོང་བརྡར་སྤྲད་པ་དང༌། ཞིང་འབྲོག་གཞོན་ནུ༣༠ལྷག་ཙམ་ཐེངས་དེའི་སྦྱོང་བརྡར་ནང་ཞུགས་ཡོད་པ་རེད། །