ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང༌། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའི་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་རླངས་འཁོར་དོ་དམ་ཟོའོ་ཡིས། ས་ཁུལ་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མཚོ་ཆེན་དང་སྒེར་རྩེ་སོགས་ཐག་རིང་ལུང་ཁུག་རྫོང་དང་ཤང་གི་ཞིང་འབྲོག་མང་ཚོགས་ལ། ཁ་ལོ་བའི་ལག་ཁྱེར་ལེན་པའི་ཡིག་རྒྱུགས་སྒྲིག་འཛུགས་བྱས་ནས། ཞིང་འབྲོག་མང་ཚོགས་ཚོར་ཁ་ལོ་བའི་ལག་ཁྱེར་ལེན་པའི་ཡིག་རྒྱུགས་ཐད་སྟབས་བདེ་བསྐྲུན་ཡོད་པ་རེད། །