མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་བདག་མེད་སྲོག་ཆགས་སྲུང་སྐྱོབ་ལས་དོན་ཤུགས་ཆེན་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-07-05 11:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་ས་ཁུལ་ནགས་ལས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཆབ་མདོ་ས་ཁུལ་གྱིས་དེང་སྐབས་སྤེལ་བཞིན་པའི་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་ཞིབ་བཤེར་ཐེངས་གཉིས་པར་གསའ་དང་ཅོ་ག ཁྲི་སྙན་ས་ལེ་སོགས་བདག་མེད་སྲོག་ཆགས་རིགས་མང་པོ་ཡོད་པའི་ནང་། སྨར་ཁམས་ཀྱི་སློང་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་སྤྲེའུ་སྤུ་སེར་གྱི་གྲངས་འབོར་མགོ་གྲངས500ནས700ཙམ་བར་མང་དུ་ཕྱིན་པ་དང་། རི་བོ་ཆེའི་ཤྭ་བ་སེར་ཆེན་སྲུང་སྐྱོབ་ཁུལ་གྱི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཤྭ་བ་སེར་ཆེན་གྱི་མགོ་གྲངས700 ལྷག་ཙམ་ནས890བར་མང་དུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་བ་རེད།

 ཉེ་བའི་ལོའི་ནང་ཆབ་མདོ་ས་ཁུལ་གྱིས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས། སྲུང་སྐྱོབ་ཁུལ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་། ཁྱོན་རང་བྱུང་སྲུང་སྐྱོབ་ཁུལ38ཡོད་པའི་ནང་སྨར་ཁམས་ཀྱི་སྤྲེའུ་སྤུ་སེར་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་། རི་བོ་ཆེའི་ཤྭ་བ་སེར་ཆེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ཚོ69.7ཡོད་པ་དེས། ཆབ་མདོའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི6.3%ཟིན་གྱི་ཡོད་པ་རེད། ཉེ་བའི་ལོའི་ནང་ཆབ་མདོའི་ནགས་ལས་སོགས་ཚན་པས་བདག་མེད་སྲོག་ཆགས་སྲུང་སྐྱོབ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁྲིམས་འགལ་ངང་རྔོན་རྒྱག་པ་དང་བདག་མེད་སྲོག་ཆགས་ཉོ་ཚོང་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བར་བརྟེན། ཆབ་མདོའི་བདག་མེད་སྲོག་ཆགས་སྲུང་སྐྱོབ་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། བདག་མེད་སྲོག་ཆགས་ལ་སྲུང་སྐྱོབ་ནུས་ལྡན་བྱུང་ནས་བདག་མེད་སྲོག་ཆགས་ཀྱི་རིགས་ཁྱུའི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་བདག་མེད་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱང་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག