མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཝུའུ་དབྱིང་ཅེས་ཧྥན་ཞའོ་ཅན་བཅས་པ་དང་མཇལ་འཛོམས་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-04 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7ཚེས་1ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་སར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།སྐབས་གསུམ་པའི་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྥན་ཞའོ་ཅན་བཅས་པ་དང་མཇལ་འཛོམས་གནང་བ་རེད།

ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོ་དང་།ཀྲུའུ་རེན་པད་མ་འཕྲིན་ལས།ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བཅས་ཀྱི་ཚབ་ཞུས་ཏེ་ཧྥན་ཞའོ་ཅན་དང་བཅས་པ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་།ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་ཧྲུའུ་ཅི་ཁྲེན་ཆོན་གོས་གཙོས་པའི་ལྗོངས་ཏང་ཨུད་ཀྱི་ཚན་ཁག་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱབ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་པའི”གལ་ཆེའི་ཐབས་ཇུས་ཀྱི་དགོངས་པ་དང“བོད་མུ་མཐུད་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་གང་ཐུབ་བྱེད་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་།བོད་ཡུན་རིང་འཛུགས་སྐྲུན་བྱེད་པ།མི་སེམས་ཐོབ་ཐབས་བྱེད་པ།རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ།འཕེལ་རྒྱས་གཏོང་རྒྱུ་ནི་བོད་ཀྱི་གནད་དོན་ཡོད་རྒུ་ཐག་གཅོད་བྱེད་པའི་འགག་རྩར་ཐོག་མཐའ་བར་གསུམ་དུ་བརྩི་བ།འགྲིམ་འགྲུལ་དང་།ནུས་རྒྱུ།ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ།སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་།བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་ལྡོག་མེད་ལས་འགན་དང་འགན་འཁྲི་ཨང་དང་པོར་ཐོག་མཐའ་བར་གསུམ་དུ་བརྩིས་ཏེ་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་ལག་བསྟར་བྱེད་པ་དང་།དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ།གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་དྲ་མིག་ཅན་གྱི་དོ་དམ་ཁྱབ་སྤེལ་གཏོང་བ།“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་སྤེལ་བ།གཞི་རིམ་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་བཅས་དང་འབྲེལ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་བཅུ་མུ་མཐུད་གཏིང་ཟབ་དང་།ཞིབ་ཚགས།ཤུགས་ཆེར་བཅས་གཏོང་བའི་རྨང་གཞིའི་ཐོག་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་མུ་མཐུད་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མ་ཡིན་སྟབས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགོར་བ་དང་།རྨང་གཞི་ཞན་པ།རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆུང་བ།བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྕི་བ།ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ད་དུང་དཀའ་ཚེགས་མང་དག་ཅིག་འཕྲད་པ།དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་གིས་བོད་ཀྱི་ཞིང་འབྲོག་ཁུལ་གསར་སྤེལ་འཛུགས་སྐྲུན་སོགས་ཐད་ཀྱི་སྲིད་ཇུས་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་རེ་བ་ཟོལ་མེད་བྱེད་ཀྱི་ཡོད་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་བོད་ཀྱི་ཐོན་ལས་གསར་སྤེལ་དང་།ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་འཛུགས་སྐྲུན།ཞིང་འབྲོག་པ་ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་དབུལ་ཕོངས་ས་ཁུལ་གང་མགྱོགས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱས་ནས་བོད་འདི་ཉིད་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱ་རྒྱུའི་རེ་བའང་ཡོད་ཅེས་གསུངས་པ་རེད།

ཧྥན་ཞའོ་ཅན་གྱིས་ད་རེས་བོད་དུ་ཡོང་བས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་སླར་ཡང་མཐོང་བྱུང་ལ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཡག་པོ་ཡོད་པའང་མྱོང་ཚོར་བྱུང་།བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཐད་ཐོབ་པའི་གྲུབ་འབྲས་ཀྱིས་ང་ཚོ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་བོད་ཀྱི་འབྱུང་འགྱུར་ལ་དེ་བས་ཡིད་ཆེས་ཆེན་པོའང་ཡོད།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་གིས་བོད་ཀྱི་འཕེལ་རྒྱས་ལ་མུ་མཐུད་དོ་ཁུར་བྱེད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་བོད་ཀྱི་དབུལ་སྐྱོར་ལས་དོན་ལ་རོགས་སྐྱོར་བྱེད་ཤུགས་སྔར་བཞིན་ཆེ་རུ་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་བ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག