ཤེས་རྟོགས་བྱས་པར་གཞིགས་ན།ད་ཐེངས་རྩེད་ཐང་གྲོང་རྡལ་དུ་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་11བཏོད་པ་དང་ལམ་ཐིག་དང་བབས་ཚུགས་ནང་རྩེད་ཐང་གྲོང་རྡལ་གྱི་ཁྲོམ་གཞུང་གཙོ་བོ་དང་སྲིད་འཛིན་ཁུལ་དང་ཚོང་ཁྲོམ་ཁུལ་ཚུད་ཡོད།དབྱར་དུས་སུ་སྤྱི་སྤྱོད་རླངས་འཁོར་ཞོགས་པའི་ཆུ་ཚོད་7དང་སྐར་མ་30ཡི་ཐོག་གཏོང་བ་དང་དགོང་མོའི་ཆུ་ཚོད་20དང་སྐར་མ་30ཡི་ཐོག་གཏོང་མཚམས་འཇོག་རྒྱུ་དང་།དགུན་དུས་སུ་ཞོགས་པའི་ཆུ་ཚོད་8པར་གཏོང་རྒྱུ་དང་དགོང་མོའི་ཆུ་ཚོད་20ཡི་ཐོག་གཏོང་མཚམས་འཇོག་རྒྱུ་རེད།ལམ་ཚད་ཧྲིལ་པོར་མི་རེར་ཐེངས་རེར་སྒོར་གཅིག་བསྡུ་རྒྱུ་དང་སློབ་མ་དང་།དབང་པོ་སྐྱོན་ཅན།དངོས་ཞབས་དམག་མི་དང་རྒས་འཁོགས་བཅས་ཀྱིས་འབྲེལ་ཡོད་སྲིད་ཇུས་ལྟར་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག་གི་ཡོད།