འདི་ནི་ཆུ་ཤུར་རྫོང་ཚྭ་རགས་གྲོང་ཚོའི་གྲོང་མི་རྣམས་ཀྱིས་ཞབས་བྲོ་འཁྲབ་བཞིན་པའི་ཚུལ་རེད།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་རྨང་བརྟན་དམངས་ཕན་བྱ་འགུལ་སྤེལ་བའི་ཆུ་ཤུར་རྫོང་ཚྭ་རགས་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ངལ་གསོ་བྱེད་པའི་དུས་ཚོད་བེད་སྤྱད་དེ་རིག་རྩལ་འཁྲབ་སྟོན་བྱ་འགུལ་དང་། བོད་ལྗོངས་གསར་རྙིང་པར་རིས་འགྲེམ་སྟོན་སོགས་བྱ་འགུལ་སྤེལ་ཏེ། གྲོང་ཚོའི་མང་ཚོགས་རྣམས་ཀྱི་རིག་གནས་འཚོ་བ་ཕུན་སུན་ཇེ་ཚོགས་སུ་བཏང་བ་མ་ཟད། རྒྱ་ཆེའི་ན་གཞོན་རྣམས་ཀྱིས“སྔོན་ཐོན་རྩོད་པ་དང་། མ་འོངས་བར་རྒྱང་ལྟ་བྱེད་པ། ཏང་གི་དྲིན་ལན་འཇལ་བ། བྱས་རྗེས་འཇོག་པ”བཅས་ཀྱི་དགོངས་དོན་རྒྱུད་འཛིན་དང་དར་སྤེལ་བྱེད་པར་སྣེ་ཁྲིད་བྱེད་བཞིན་ཡོད་པ་རེད། །