མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས2014ལོའི་རྒྱལ་དམངས་ཀྱི་གཟུགས་གཞི་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་སྤེལ་བ།

  ཡོང་ཁུངས། བོད་ལྗོང་སཉིན་རེའི་ཚགས་པར།  2014-07-03 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་བོད་ལྗོངས་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་ལས་ཁུངས་ནས་ལས་བྱེད་མི་སྣ14འཐེན་ཏེ་གྲོང་ཁྱེར་མངའ་ཁུལ་གྱི་ལས་ཁུངས13དང་། མི1488ཀྱི་གཟུགས་གཞི་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་སྤེལ་ཏེ། གྲོང་ཁྱེར་མངའ་ཁུལ་གྱི་གཟུགས་གཞི་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་བྱེ་བྲག་ཏུ་ལག་བསྟར་དང་། ཡིག་ཆ་ལེགས་སྒྲིག གཞི་གྲངས་འཇུག་པ་བཅས་ཀྱི་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་།

ལས་བྱེད་མི་སྣ་ད་དུང་རྫོང7དུ་ཕེབས་ཏེ་གཟུགས་གཞི་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་སྤེལ། དེ་ལས་ལྷ་ས་གྲོང་ཁྱེར་གྱི་རྒྱལ་དམངས་གཟུགས་གཞི་ལྟ་ཞིབ་ཚད་ལེན་བྱེད་པའི་གཞི་གྲངས་མཛོད་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་གཏོང་བ་དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་རྡལ་དང་། སློབ་གྲྭ། བྱིས་པ་དང་རོང་འབྲོག་པ། དེ་མིན་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་གཟུགས་གཞི་གནས་ཚུལ་དང་འགྱུར་ལྡོག་བྱུང་བའི་གོ་རིམ་ལ་རྒྱུས་ལོན་བྱེད་པ། དུས་ཡུན་རིང་བོར་ལྷ་ས་གྲོང་ཁྱེར་སྡོད་དམངས་ཀྱི་གཟུགས་གཞིའི་འགྱུར་ལྡོག་ལ་ལྟ་ཞིབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག