མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱི་གྲོང་རྡལ་རེ་རེར་འོད་འཁྲིད་ཚི་སྐུད་འཐེན་པ།

  ཡོང་ཁུངས། བོད་ལྗོང་སཉིན་རེའི་ཚགས་པར།  2014-07-03 10:52

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས1ཉིན་བར་དུ། སྤོ་སྒུལ་ཆབ་མདོ་ཡན་ལག་ཀུང་ཟིས་ཆབ་མདོ་ས་ཁུལ་གྱི་གྲོང་རྡལ136ལ་འོད་འཁྲིད་ཚི་སྐུད་འཐེན་པ་དང་། ཟླ7པའི་ཚེས3ཉིན་བར་དུ་ས་ཁུལ་ཡོངས་ཀྱི་གྲོང་རྡལ138ལ་འོད་འཁྲིད་ཚི་སྐུད་ཡོངས་སུ་འཐེན་པ་མངོན་འགྱུར་བྱས།

གྲོང་རྡལ་རེ་རེར་འོད་འཁྲིད་ཚི་སྐུད་འཐེན་པའི་ལས་གཞི་ལས་ཞིང་སྡེའི་རྒྱང་བསྟེན་ཏང་གི་སློབ་གསོ་དྲ་བ་དང་། སྤྱི་བདེ་འཚུབ་བསྟུན་བཀོད་འདོམས་དྲ་བ། ས་ཁུལ་དང་རྫོང་། གྲོང་རྡལ་བཅས་རིམ་པ་གསུམ་གྱི་བརྙན་ཟློས་ཚོགས་འདུ་མ་ལག སྤྱི་ཚོགས་དྲ་མིག་ཅན་གྱི་དོ་དམ་མ་ལག ཞིང་སྡེའི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ་ས་ཚུགས་སོགས་བརྟན་རླིང་དང་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་དང་། དམངས་འཚོ་བྱ་བར་དངོས་ཕན་བསྐྲུན་པའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་པར་སྟེགས་བུ་ངེས་ཅན་ཞིག་འདོན་སྤེལ་བྱེད་ཐུབ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག