ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས27ཉིན2014ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་སྐར་གྲངས་ཕྱིར་བསྒྲགས། རྩོམ་རིག་ལོ་རྒྱུས་རིགས་ཀྱི་དངོས་གཞིའི་སྐར་གྲངས་ལས། མི་རིགས་གྲངས་ཉུང་གི་སྐར་གྲངས340དང་། རྒྱ་རིགས་ཀྱི་སྐར་གྲངས500ཡིན། དངོས་གཞི་དཀྱུས་མའི་སྐར་གྲངས་ལས། མི་རིགས་གྲངས་ཉུང་གི་སྐར་གྲངས285དང་། རྒྱ་རིགས་ཀྱི་སྐར་གྲངས355ཡིན། དེ་མིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་དངོས་གཞིའི་སྐར་གྲངས་ནི། མི་རིགས་གྲངས་ཉུང་གི་སྐར་གྲངས280། རྒྱ་རིགས་ཀྱི་སྐར་གྲངས460། དངོས་གཞི་དཀྱུས་མའི་སྐར་གྲངས་ནི། མི་རིགས་གྲངས་ཉུང་གི་སྐར་གྲངས230། རྒྱ་རིགས་ཀྱི་སྐར་གྲངས310བཅས་ཡིན་པ་རེད།
གསར་འགོད་པས་ཤེས་གསལ་ལྟར་ན། 2014ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་སྐར་གྲངས་ཆེས་དམའ་བ་ནི་སློབ་གསོ་པུའུ་ཡིས་གཤམ་བསྒྲགས་བྱས་པའི་སློབ་བསྡུའི་འཆར་གཞི་དང་། རྒྱུགས་ཞུགས་སློབ་མའི་ཐེམ་ཁུངས། རྒྱུགས་ཞུགས་སློབ་མའི་རྒྱུགས་འབྲས་སྐར་གྲངས་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས། ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་ཕྱོགས་བསྡུས་བྱས་ནས་དབྱེ་ཞིབ་ཕྲ་ཞིབ་བྱས་པ་བརྒྱུད་གཏན་འཁེལ་བྱས་པ་རེད། །