མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དུག་འགོག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-06-30 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་བོད་ལྗོངས་ཀྱི་དུག་འགོག་འགན་ནུས་ཚན་པས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་ནང་དོན་ཕུན་སུམ་ཚོགས་པ། ཕན་འབྲས་ཆེན་པོ་ཐོན་པ་བཅས་ཀྱི་དུག་འགོག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། རང་སྐྱོང་ལྗོངས་དུག་འགོག་གཞུང་ལས་ཁང་དང་ལྗོངས་སློབ་གསོ་ཐིང་གིས་གཞོན་ནུ་ལོ་ཆུང་སློབ་མའི་དུག་འགོག་སློབ་གསོར་དམ་འཛིན་གྱིས། དུག་འགོག་དཔེ་སྟོན་སློབ་གྲྭ་གཏོད་པའི་བྱེད་སྒོ་སྤེལ་བ་རེད། ད་བར་རང་ལྗོངས་ཀྱིས་ཁྱོན་རྒྱལ་ཁབ་རིམ་པའི་དུག་འགོག་དཔེ་སྟོན་སློབ་གྲྭ་གཉིས་དང་། རང་སྐྱོང་ལྗོངས་རིམ་པའི་དུག་འགོག་དཔེ་སྟོན་སློབ་གྲྭ་དྲུག་བཙུགས་པ་དང་། དུག་འགོག་དང་ཨེ་ཙི་ནད་སྔོན་འགོག་གི་དགེ་རྒན་གྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ། སློབ་སྡོད་སློབ་མར་དམིགས་པའི་དུག་འགོག་དགེ་རྒན་དཔུང་ཁག་ཅིག་གསོ་སྐྱོང་བྱས་པ་མ་ཟད། དབྱར་ཁ་དང་དགུན་ཁའི་གུང་གསེང་དུས་ཚོད་བེད་སྤྱད་དེ་ལྗོངས་སྡེ་ཚོགས་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་ཐོག བོད་ཀྱི་གཞོན་ནུ་ལོ་ཆུང་གི་དུག་འགོག་སློབ་གསོའི་བྱེད་སྒོ་གཉེར་བ་བཅས་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས། རིག་གནས་ཐིང་བཅས་ཀྱི་སྒྲིག་འཛུགས་མཐུན་སྦྱོར་འོག་རང་ལྗོངས་ཀྱི་དུག་འགོག་བརྙན་འཕྲིན་ཤེས་བྱའི་འགྲན་བསྡུར་ཐེངས་དང་པོ་དང་། བོད་སྐད་རླུང་འཕྲིན་གྱི་དུག་འགོག་ཆེད་དོན་བཅར་འདྲི་པར་ལེན་ཕབ་བཟོ་བྱས་པ། ལྗོངས་ནང་ཁུལ་གྱི་ཚགས་པར་དང་དུས་དེབ་ཐོག་དུག་འགོག་སྐོར་གྱི་ཤེས་བྱ་སྤེལ་བ་དང་དུག་འགོག་དྲིལ་བསྒྲགས་ཆེད་སྒྲོམ་བཟོས་ཏེ། དུས་ཐོག་ཏུ་འབྲེལ་ཡོད་དུག་འགོག་ལས་དོན་སྤེལ་ཚུལ་གྱི་གནས་ཚུལ་གཏོང་སྤེལ་བྱེད་པ། རིམ་ཁག་དུག་འགོག་གཞུང་ལས་ཁང་གིས་དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས་དང་ཐང་ཆེན་གྱི་གློག་རྡུལ་སྒྲ་བརྙན་བརྒྱུད། དྲིལ་བསྒྲགས་འབོད་ཚིག་འགེལ་བ་དང་དུག་འགོག་དྲིལ་བསྒྲགས་པར་གཞི་སྟོན་ནས་དྲིལ་བསྒྲགས་ཁོར་ཡུག་བཟང་པོ་གཏོད་པ་རེད། ས་ཁུལ་དང་གྲོང་ཁྱེར་ཁག་གི་དུག་འགོག་གཞུང་ལས་ཁང་དང་ཁོངས་གཏོགས་ཚན་པ་ཁག་གིས། དུག་འགོག་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོ་དང་བསྟུན་ནས་ནང་དོན་ཕུན་སུམ་ཚོགས་པའི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་ཆེ་གྲས་སྤེལ་བ་དང༌། དམངས་ཡོངས་ལ་ཁ་ཕྱོགས་པའི་དུག་འགོག་དྲིལ་བསྒྲགས་སློབ་གསོའི་མཐོ་རླབས་འཕྱུར་བ། ཁོངས་གཏོགས་ཚན་པ་ཁག་གིས་རོགས་ལས་བྱེད་པ་དང་རང་འགུལ་ངང་ཞུགས་པའི་ལས་ཀའི་རྣམ་པ་ཆགས་པ་བཅས་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག