མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་ད་ལོར་བྱིས་གཉོར་ཁང11གསར་དུ་བསྐྲུན་རྒྱུ་རེད།

  ཡོང་ཁུངས། མི་དམངས་དྲ་བ།  2014-06-30 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན་གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱི་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁྲེན་ཀོན་ཆུས་ཀྱིས་བྱིས་གཉོར་ཁང་གི་སློབ་གསོ་དེ་གྲོང་ཁྱེར་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་འཆར་འགོད་ནང་བཅུག་ཡོད་དེ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ནང་ཞུགས་པ་དང་། གཞུང་གཉེར་གཙོ་བོར་འཛིན་པ། དམངས་གཉེར་ཕལ་པར་འཇོག་པ་བཅས་ཀྱི་བྱིས་གཉོར་ཁང་གི་སྒྲིག་གཞི་ཞིག་འཛུགས་རྒྱུ་ཡིན་པ་རེད། ད་ལོ་ལྷ་ས་གྲོང་ཁྱེར་གྱིས་བུ་བཅོལ་ཁང11གསར་སྐྲུན་བྱེད་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་པ་ལྟར་ན། ད་ལོའི་སྟོན་དུས་སློབ་འགོ་ཚུགས་སྐབས་བྱིས་གཉོར་ཁང་གསུམ་བེད་སྤྱོད་བྱེད་ཐུབ་བྱ་རྒྱུ་ཡིན་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག