མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ལྷ་སའི་གྲོང་ཁུལ་རྙིང་པའི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-06-30 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས23ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ལྷ་ས་གྲོང་ཁྱེར་མེ་ཟོན་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གི་སྣེ་ཁྲིད་ནས་གཙུག་ལག་ཁང་དང་། བར་སྐོར་ཁྲོམ་གཞུང་སོགས་ས་གནས་སུ་ཕེབས་ཏེ་ལྷ་སའི་གྲོང་ཁུལ་རྙིང་པ་དང་དེ་བཞིན་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་མེ་ཟོན་བདེ་འཇགས་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་བཤེར་གནང་བ་རེད།

ཞིབ་བཤེར་ཚོགས་ཆུང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཙོ་གནད་འབུར་ཐོན་དང་འགག་སྒོ་དམ་སྲུང་བྱས་པའི་ཐོག་ནས་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་བཅོས་སྒྲིག་བྱས་ཏེ་གྲོང་ཁུལ་རྙིང་པའི་མེ་ཟོན་བདེ་འཇགས་དང་། སྤྱི་ཚོགས་བརྟན་སྲུང་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་སྒོ་ཀུན་ནས་ལེགས་པོ་སྤེལ་དགོས་པ་དང་། སྔར་བས་དུས་བབ་གསལ་རྟོགས་དང་མེ་འགོག་མེ་གསོད་སོགས་ཀྱི་ལས་ཀའི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་མེ་ཟོན་བདེ་འཇགས་ཐད་གྲིབ་ཆ་མེད་པ་དང་། སྲུབས་ཁ་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་བྱེད་དགོས་པ། མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱ་རྒྱུ་གཙོ་གནད་དུ་འཛིན་ནས་བདེ་འཇགས་ཞིབ་བཤེར་དང་། ལས་རེས་སྐོར་གཡེང་། ལས་ཡུལ་དངོས་ལ་ལྟ་སྐུལ་ཚོད་འཛིན་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་མུ་མཐུད་དྲིལ་བསྒྲགས་བྱས་ཏེ་ཡུལ་མིའི་མེ་ཟོན་གྱི་འདུ་ཤེས་དང་རང་སྐྱོབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་ལམ་ལུགས་དོན་འཁྱོལ་ནན་ཏན་དང་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་དུས་ཐོག་ཏུ་བྱས་ནས་དུས་ཐོག་ཏུ་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་དགོས་པ་མ་ཟད། ལྷག་དོན་དུ་མེ་དང་། གློག སོལ་རླངས་བཅས་སྤྱོད་པའི་ལམ་ལུགས་དང་དོ་དམ་བྱེད་ནན་དུ་བཏང་ནས་གྲོང་ཁུལ་རྙིང་པའི་མེ་ཟོན་བདེ་འཇགས་འགན་ལེན་བྱེད་དགོས་པ། མེ་ཟོན་སྡེ་ཚན་གྱིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་དང་སྔོན་འགོག་ཚོད་འཛིན་བྱེད་དགོས་པ་དང་འགན་འཁུར་ཚན་པས་ཁྱོན་ཡོངས་འགན་འཁུར་བ་དང་དོན་འཁྱོལ་ནུས་ལྡན་བྱེད་པའི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་ཤུགས་བརྒྱབ་སྟེ་ལྷ་སའི་གྲོང་ཁུལ་རྙིང་པའི་མེ་ཟོན་བདེ་འཇགས་ཀྱི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག