ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷ་སའི་འགག་སྒོ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་སྔོན་མ5ཡི་ནང་བོད་ལྗོངས་ཀྱི་རྒྱལ་མཚམས་ཉོ་ཚོང་ཆུང་ངུ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ། ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་མ་དངུལ་སྒོར་དུང་ཕྱུར38.44ལ་སླེབས་ཡོད་པ་དང་། བོད་ལྗོངས་དུས་མཉམ་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་སྤྱིའི་རིན་ཐང་གི92.38%ཟིན་ཡོད་ཅིང་། དུས་མཉམ་ལས32.25%འཕར་ཡོད་པ་རེད།
བོད་ལྗོངས་ཀྱི་རྒྱལ་མཚམས་ཉོ་ཚོང་ཆུང་ངུ་དེ་གཙོ་བོ་བོད་ལྗོངས་ནང་ཁུལ་གྱི་འགྲམ་འགག་སྒོ་དང་བལ་ཡུལ་བརྒྱུད་དེ་ཚོང་གཉེར་བྱེད་བཞིན་ཡོད་ཅིང་། དེའི་ནང་བལ་ཡུལ་གྱི་ཉོ་ཚོང་སྤྱིའི་རིན་ཐང་སྒོར་དུང་ཕྱུར38.62ལ་སླེབས་ཡོད་པ་དང་། འགྲམ་འགག་སྒོའི་དུས་མཉམ་གྱི་ཉོ་ཚོང་སྤྱིའི་རིན་ཐང་དང་ཕལ་ཆེར་འདྲ་མཉམ་ཡིན་ཏེ། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་སྤྱིའི་རིན་ཐང་གི92.81%ཟིན་ཡོད་པ་རེད།
2013ལོར་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་རིན་ཐང་ཨ་སྒོར་དུང་ཕྱུར33.19ལ་སླེབས་ཡོད་པ་དང་། 2012ལོ་དང་བསྡུར་ན3.05%ཇེ་ཉུང་དུ་སོང་ཡོད། གཞི་གྲངས་ལྟར་ན། བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་རྒྱལ་ཁབ་གཙོ་བོ་ཁྲོད་ཨང་སྔོན་མ་གསུམ་ཟིན་པའི་རྒྱལ་ཁབ་ནི་བལ་ཡུལ་དང་། མ་ལེ་ཞི་ཡ། ཨ་མེ་རི་ཁ་བཅས་རྒྱལ་ཁབ་གསུམ་པོ་རེད། །