མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཝང་ཅན་ཕིང་གིས་བོད་དུ་བརྟག་ཞིབ་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-06-29 10:59

 

ཁྲེན་ཆོན་གོ་དང་ཏེང་ཞའོ་ཀང་སོགས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་6ཚེས་24ཉིན་དང་ཚེས་25ཉིན་དྲག་ཆས་ཉེན་རྟོག་དཔུང་སྡེའི་སི་ལིང་ཡོན་ཝང་ཅན་ཕིང་གིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་ལྷ་ས་དང་མངའ་རིས་སོགས་སུ་བརྟག་ཞིབ་གནང་ཞིང་།ཁོང་གིས་ལས་སྒྲུབ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱ་རྒྱུ་ལྟེ་བར་བྱས་པའི་ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་པ་དང་དཔུང་སྡེ་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཆོན་གོ་དང་།ཏེང་ཞའོ་ཀང་།ཆེ་དགྲ་ལྷ་སོགས་གཟིགས་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

ཝང་ཅན་ཕིང་གིས་སྔ་རྗེས་སུ་དྲག་ཆས་ཉེན་རྟོག་བོད་ལྗོངས་ས་ཁོངས་ཀྱི་སྦྱོང་བརྡར་རྟེན་གཞི་དང་།དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་རུ་ཆེན་བཞི་པ།དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་སྤྱི་ཁྱབ་རུ་ཁགདྲག་ཆས་ཉེན་རྟོག་ཧྲི་117པའི་སྦྱོང་བརྡར་བྱེད་སར་བཅའ་སྡོད་དཔུང་སྡེ།དྲག་ཆས་ཉེན་རྟོག་མངའ་རིས་ཉིང་ལག་རུ་ཁག་བཅས་སུ་ཕེབས་ནས་དཔུང་སྡེ་འཛུགས་སྐྱོང་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།ཝང་ཅན་ཕིང་གིས་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་དང་བོད་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེའི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་རྒྱ་ཆེའི་དྲག་ཆས་ཉེན་རྟོག་དཔོན་དམག་ལ་མིག་སྔའི་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ་དམག་གྲབས་ལས་སྒྲུབ་ལ་ཤུགས་སྣོན་རྒྱག་པ་དང་།མུ་མཐུད་འཛུགས་སྐྲུན་ཡག་པོ་བྱེད་པ།སྔོན་ཚུད་ནས་འཆར་གཞི་ཡག་པོ་འགོད་པ།རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ་ལས་སྒྲུབ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱ་རྒྱུ་ལྟེ་བར་བྱས་པའི་ལས་འགན་ཁག་ལེགས་འགྲུབ་ཡོང་རྒྱུ་འགན་ལེན་བྱས་ནས་བོད་རྒྱུན་སྲིང་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།

ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཝང་ཅན་ཕིང་གིས་ལས་སྒྲུབ་དཔོན་དམག་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་ཚང་མར་ཏང་དང་མི་དམངས་ཆེད་ལས་གནས་ཡག་པོ་སྲུང་བ་དང་སོ་ལྟ་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།ཝང་ཅན་ཕིང་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་རེས་དང་ལས་སྒྲུབ་གྲ་སྒྲིག་དང་།ལས་སྒྲུབ་ཀྱི་ཁྱབ་ཁོངས།ལས་ཀའི་ནང་དོན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་།ཁོང་གིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཙུགས་པ་དང་གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་ནས་བརྟན་ལྷིང་ནུས་ལྡན་ངང་སྲུང་སྐྱོང་དང་མི་རིགས་ཁག་གི་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྟབས་བདེ་ཧ་ཅང་ཆེན་པོ་བསྐྲུན་པ་དེ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་སྐྱོང་མཛད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན་པས་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་དང་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་གནང་རིང་ཝང་ཅན་ཕིང་གིས་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱི་ལས་དོན་སྙན་སེང་གསན་པ་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་།ཁོང་གིས་མིག་སྔར་བོད་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་སྲིང་ཞི་མཐུན་བརྟན་ལྷིང་དང་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་རགས་ཙམ་ཆགས་ཡོད།བོད་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེས་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ལྡན་ཡོང་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་ཏང་གི་བཀོད་པར་ཉན་པ་དང་།དམག་བརྒྱབ་ནས་རྒྱལ་ཁ་ལེན་ཐུབ་པ།སྤྱོད་ཚུལ་ལེགས་པ་བཅས་ཀྱི་དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་ཏང་དང་མི་དམངས་ཀྱིས་སྤྲད་པའི་འགན་འཁྲི་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ནན་བཤད་གནང་བ་སྟེ།

གཅིག་ནས་དཔུང་སྡེ་འཛུགས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱ་རྒྱུར་ལྷོད་གཡེང་གཏོང་མི་རུང་།ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་ཏེ་སློབ་སྦྱོང་དང་གོ་བ་ལེན་པའི་ཐད་ཤུགས་རྒྱག་པ་དང་།ལག་བསྟར་བྱེད་པའི་ཐད་ཤུགས་རྒྱག་པ།ལག་ལེན་དངོས་སུ་འགྱུར་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ་དཔུང་སྡེ་འཛུགས་སྐྱོང་གི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་དངོས་འབྲེལ་འགྱུར་བ་བྱེད་དགོས་པ་དང་།

གཉིས་ནས་འགན་འཁྲི་དང་ལས་འགན་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ལྷོད་གཡེང་གཏོང་མི་རུང་།རྒྱུན་གཏན་རང་བཞིན་གྱི་ལས་སྒྲུབ་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་དམ་འཛིན་བྱས་ཏེ“འགོག་ཟོན་བཞི་གཞི་གཅིག་ཅན”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།བརྟན་ལྷིང་སྲུང་སྐྱོང་གི་གྲ་སྒྲིག་ཁག་ཡག་པོ་བྱས་ཏེ་གནས་ཚུལ་ཡོད་ཚེ་མགྱོགས་མྱུར་བྱ་སྤྱོད་སྤེལ་ཐུབ་པ་དང་།འཕྲལ་དུ་དོན་ཐུབ་པ།ཕན་འབྲས་ཆེ་ལ་འོས་འཚམ་ངང་ཐག་གཅོད་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ།

གསུམ་ནས་དཔུང་སྡེ་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་གཞི་རྩ་བརྟན་དུ་ཤུགས་ཆེན་གཏོང་རྒྱུར་ལྷོད་གཡེང་གཏོང་མི་རུང་།ཁྲིམས་ལྟར་ཉེན་རྟོག་ནན་སྐྱོང་དང་གཅིག་སྡུད་སྦྱོང་བརྡར་གྱི་སྤྱི་ཁྱབ་པུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ“ཚན་ཁག་གཅིག་དང་དཔུང་ཁག་གསུམ”དང“འཐབ་ས་དང་པོ་གསུམ”སྟོབས་ཆེར་གཏོང་བ་དང་།“གཞི་རྩ་བཞི”དང“རྨང་གཞི་ལྔ”བརྟན་དུ་གཏོང་བ།“རྒྱུན་གཏན་རང་བཞིན་གྱི་ལས་དོན་ཁག་ལྔ”དོན་འཁྱོལ་བྱེད་པ་བཅས་བྱེད་དགོས།བདེ་འཇགས་དོ་དམ་གྱི་མ་མཐའི་མཚམས་ཐིག་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་སློབ་གསོ་དོ་དམ་དང་གསོ་སྦྱོང་རོགས་ཁྲིད་དམ་འཛིན་ཡག་པོ་བྱས་ཏེ་གཞི་རིམ་ལས་བྱེད་པའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་དགོས་པ།

བཞི་ནས་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་ཏན་ཏིག་གཏོང་རྒྱུར་ལྷོད་གཡེང་གཏོང་མི་རུང་།གོང་རིམ་གྱིས་འོག་རིམ་གྱི་སྣེ་ཁྲིད་པ་དང་གོང་འོག་མཉམ་དུ་དམ་འཛིན་དང་འབད་བརྩོན་དེ་བས་ཆེ་བ་བྱ་རྒྱུར་སྣང་ཆེན་བྱེད་དགོས་ཤིང་།མིག་སྔའི་འགག་རྩ་ནི་གནད་དོན་བཙལ་འཚོལ་ལ་མཛུབ་ཁྲིད་ཡག་པོ་བྱེད་པ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པ་དང་འབྲེལ་སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་བཅོས་སྒྲིག་དོན་འཁྱོལ་བྱེད་པའི་ཕྱོགས་སུ་བར་བརྒལ་དང་སྣུར་སྲིང་བྱ་རྒྱུ་དེ་ཡིན་པ་བཅས་རེད།

བརྟག་ཞིབ་གནང་རིང་ཝང་ཅན་ཕིང་གིས་ད་དུང་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དང་མངའ་རིས་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཕེབས་ནས་སྔོན་གཤེགས་དཔའ་བོར་མཆོད་འབུལ་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག