མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི5400བཏང་སྟེ་དྲོད་ཁང་བསྐྲུན་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-26 11:08

ཀྲུང་གོའི་བོད་ཀྱི་བའི་འཕྲིན། 2014ལོར། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི5400བཏང་སྟེ། རྫོང10རུ་ཉི་འོད་དྲོད་ཁང505དང་དྲོད་ཁང་སྤྱིལ་ཆེན100འཛུགས་བསྐྲུན་བྱེད་རྒྱུ་ཡིན། དེའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི2689བཏང་བ་དང་། ཆབ་མདོ་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཀྱིས་མ་དངུལ་སྒོར་ཁྲི1734བཀོད་སྒྲིག་བྱས། རྫོང10ཡིས་མ་དངུལ་སྒོར་ཁྲི977གྲབས་གསོག་བྱས། ཟླ6པའི་ཚེས20ཉིན་བར་དུ། དུས་རིམ་དང་པོའི་མ་དངུལ་སྒོར་ཁྲི2719དམིགས་སར་འབྱོར་ཡོད་པ་དང་། ཚོད་རྩིས་བྱས་པ་ལྟར་ཟླ8པར་དྲོད་ཁང་ཡོངས་རྫོགས་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག