མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སྤྱི་ཚོགས་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང27.1%འཕར་བ།

  ཡོང་ཁུངས། མི་དམངས་དྲ་བ།  2014-06-26 11:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་བསྡོམས་རྩིས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རིང་ལ། རང་སྐྱོང་ལྗོངས་ཏང་ཨུའི་དང་། སྲིད་གཞུང་གིས་ཀྲུང་དབྱང་གི་སྤྱི་ཁོག་སྙོམ་སྒྲིག་བྱེད་ཐབས་སོ་སོ་ལག་ལེན་མཐར་ཕྱིན་དང་དངོས་འབེབ་བྱས་ཏེ། དཔལ་འབྱོར་རྣམ་པ་སྒྱུར་བའི་རིམ་འཕར་བྱ་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕར་སྣོན་བྱུང་བའི་སྒུལ་ཤུགས་ཇེ་མཐོར་གཏོང་བ་བཅས་ཀྱི་འབད་བརྩོན་བྱས་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་རླིང་མགྱོགས་མྱུར་ངང་འཕར་སྣོན་བྱུང་བ་མངོན་འགྱུར་བྱས།

ད་ལོའི་ཟླ1པོ་ནས་ཟླ5བའི་བར། གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་མགྱོགས་མྱུར་ངང་འཕར་སྣོན་བྱུང་ཞིང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར218.75བཏང་བ་ལེགས་འགྲུབ་བྱུང་ཞིང་། 27.1%འཕར་ཡོད་དེ། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར། འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་བརྟན་རླིང་ཁྲོད་ཅུང་ཆག་ཡོད་དེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར121.22ལ་སླེབས་ཡོད་དེ། 13.1%འཕར་བ་དང་། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་ཆ1མར་ཆག་ཡོད། གནས་སྐོར་ཡོང་སྒོ་འཕར་ཚད་ཅུང་མགྱོགས་ཤིང་། ལྗོངས་ཡོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི218.22སྣེ་ལེན་བྱས་པ་དང་། 21.2%འཕར་ཡོད་དེ། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར24.33མངོན་འགྱུར་བྱས་པ་དང་། 24.6%འཕར་ཡོད། ནོར་སྲིད་ཡོང་སྒོའི་འཕར་ཚད་ཅུང་བརྟན་རླིང་ཡིན་ཏེ། ལྗོངས་ཡོངས་ཀྱིས་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར41.85མངོན་འགྱུར་བྱས་ཤིང་། 37%འཕར་ཡོད། ནོར་སྲིད་འགྲོ་གྲོན་སྒོར་དུང་ཕྱུར356.27ལ་སླེབས་པ་དང་། 11.5%འཕར། དངོས་ཟོག་རིན་གོང་འཕར་ཚད་ཇེ་དམའ་རུ་སོང་ཡོད་དེ། ལྗོངས་ཡོངས་ཀྱི་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང3.1%ཇེ་མཐོར་སོང་ཡོད་དེ། 2013ལོའི་ཟླ1པོ་ནས་བཟུང་བརྟན་རླིང་ངང་ཇེ་དམའ་རུ་འགྲོ་བཞིན་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག