མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཚོད་ལྟའི་རྒྱལ་ཁབ་འདམ་རའི་སྤྱི་གླིང3ཡིག་ཐོག་སྙན་ཞུ་འབུལ་རྩིས་ཡོད་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-06-26 11:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་འདམ་རའི་ཐོན་ཁུངས་ཀྱི་གཞི་རྟེན་དང་ཐབས་ལམ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། རིགས་དང་ཁོར་ཡུག་གི་བཀོད་པ་ལེགས་སུ་གཏོང་བ། དེ་བས་ཚན་རིག་དང་མཐུན་པའི་འདམ་ར་སྲུང་སྐྱོང་མ་ལག་ཆགས་པ་བཅས་བྱ་ཆེད་འདི་ལོ་ལྷ་ས་གྲོང་ཁྱེར་དང་། ཆབ་མདོ་ས་ཁུལ། མངའ་རིས་ས་ཁུལ་བཅས་ཀྱིས་རྒྱལ་ཁབ་འདམ་རའི་སྤྱི་གླིང(ཚོད་ལྟ)ཡིག་ཐོག་སྙན་ཞུ་འབུལ་རྩིས་ཡོད་པ་དང་རྒྱལ་ཁབ་འདམ་རའི་སྤྱི་གླིང(ཚོད་ལྟ)ས་ཁུལ(གྲོང་ཁྱེར)7ཚང་མར་ཁྱབ་པ་བྱ་རྒྱུ་ཡིན་པ་རེད། མིག་སྔར་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་ས་ཁུལ(གྲོང་ཁྱེར)3ལ་ལས་དོན་དེ་ནང་དོན་གལ་ཆེན་ལ་བརྩིས་ནས་《རྒྱལ་ཁབ་འདམ་ར་སྤྱི་གླིང་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》 ཀྱི་གཏན་འབེབས་གཞིར་བཟུང་འོས་འཚམ་གྱི་ཡིག་ཐོག་སྙན་ཞུ་འབུལ་ཡུལ་ཞིབ་འབྱེད་གདམ་གསེས་བྱས་ནས་ཡིག་ཆ་དང་བརྙན་པར་དཔྱད་གཞི་སོགས་འབྲེལ་ཡོད་ཡིག་ཐོག་སྙན་ཞུའི་ཡིག་ཆ་གྲ་སྒྲིག་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་རང་རྒྱལ་འདམ་ར་སྲུང་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་། འདམ་རར་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག འདམ་ར་སྲུང་སྐྱོང་དང་ལུགས་མཐུན་བེད་སྤྱོད་ཀྱི་ནུས་ལྡན་གྱི་བྱེད་ཐབས་ཤིག རྒྱལ་ཁབ་འདམ་རའི་སྣོད་བཅུད་ཁ་གསབ་ལམ་སྲོལ་དང་ལེན་ཧུར་ཐག་དང་འབྲེལ་ཡོད་མ་དངུལ་བརྩོན་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་བཅས་ཡིན། བོད་རང་ལྗོངས་ཀྱིས་སྔར་ནས་བཟུང་འདམ་ར་སྲུང་སྐྱོང་གི་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། བོད་ལྗོངས་ཡོངས་སུ་རྒྱལ་སྤྱིའི་འདམ་ར་གཙོ་བོ་༢དང་འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ19ཡོད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིག་ཐོག་སྙན་ཞུའི་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད། སྤྱི་ལོ་2013ལོའི་ལོ་མཇུག་བར་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་ས་ཁུལ་བཞིར་རྒྱལ་ཁབ་འདམ་རའི་སྤྱི་གླིང་(ཚོད་ལྟ)8བཙུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག