མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་བྲག་གཡབ་རྫོང་གིས་ཁྱད་ལྡན་ཐོན་ལས་རྟེན་གཞིར་བརྟེན་ནས་མང་ཚོལས་འབབ་འཕར་ཡོང་བ་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-06-26 11:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་གིས་ཞིང་འབྲོག་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ་དང་ཞིང་འབྲོག་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཁྱད་ལྡན་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི་ཚོ1500རུབ་བསྡུས་བྱས་ཏེ་ཁྱད་ལྡན་ཐོན་ལས་རྟེན་གཞི་མུའུ284དང་། སྟར་སྡོང་རྟེན་གཞི་མུའུ180། དྲོད་ཁང་མུའུ 62དུག་སེལ་ཞོག་ཁོག་འདེབས་འཛུགས་དཔེ་སྟོན་རྟེན་གཞི་མུའུ180བཅས་འཛུགས་སྐྲུན་བྱས་པས་མང་ཚོགས་ལ་ཐད་ཀར་ཡོང་འབབ་སྒོར་ཁྲི་ཚོ135.27འཕར་སྣོན་བྱུང་ཡོད་པ་རེད།

དེང་སྐབས་རྫོང་དེ་ཡོངས་ཀྱི་འབྲས་ཤིང་འདེབས་ཁྱོན་མུའུ4000ཙམ་ཟིན་པ་དང་། སྔོ་ཚལ་འདེབས་ཁྱོན2000ལྷག་ཟིན་ནས་འདེབས་འཛུགས་རྟེན་གཞིའི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པས། མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་ཕན་འབྲས་སྔར་ལས་ལྷག་པ་ཐོན་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག