མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མཚོ་དམག་ལ་ཞུགས་རྒྱུའི་ཕུགས་འདུན།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-25 10:44

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་ཟླ་བརྒྱད་པར་པ་སངས་སྒྲོལ་མ་པེ་ཅིང་དེང་རབས་དོ་དམ་སློབ་ཆེན་གསོ་རིག་ཚན་ཁག་ཏུ་རྒྱུགས་འཕྲོད་མོད། ཡིན་ན་ཡང་ཁོང་གིས་མཚོ་དམག་དཔུང་སྡེ་ཞིག་གིས་བོད་རིགས་སློབ་ཆེན་སློབ་མ་བུ་མོ་10བསྡུ་རྒྱུའི་ཆ་འཕྲིན་མཐོང་རྗེས་མཚོ་དམག་ལ་ཞུགས་རྒྱུའི་སེམས་ཐག་བཅད་པར་ཁྱིམ་མི་ཚང་མའི་རྒྱབ་སྐྱོར་ཡང་ཐོབ་པ་རེད། རང་ཉིད་ཀྱི་གྲུབ་འབྲས་ཡག་པོ་དང་ཁྱིམ་མི་ཚང་མའི་རྒྱབ་སྐྱོར་ཤུགས་ཆེན་འོག་པ་སངས་སྒྲོལ་མ་གདམ་གསེས་རབ་དང་རིམ་པ་བརྒྱུད་མཐར་མིང་ཐོ་འགོད་མཁན་200ལྷག་ཙམ་ནས་འབུར་དུ་ཐོན་ནས་མཚོ་དམག་ཏུ་ཞུགས་རྒྱུའི་ཕུགས་འདུན་གྲུབ། ཟླ་9ཚེས་12ཉིན་སྤོ་བོ་བཀྲ་བྷོ་དང་། རྨོ་བོ་ཟླ་བ། ཕ་ལྷག་པ་དབང་འདུས། མ་མཚམས་གཅོད་སོགས་ནང་མི་ཚང་མས་པ་སངས་སྒྲོལ་མ་དཔུང་སྡེར་བསྐྱལ་བ་རེད། ད་ཆ་པ་སངས་སྒྲོལ་མ་གཟི་བརྗིད་ལྡན་པའི་ངང“ལེའོ་ཉིང་དམག་གྲུ”རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ཐོག་གི་འཐབ་འཛིང་མ་ཞིག་ཏུ་གྱུར་ཅིང་།

པ་སངས་སྒྲོལ་མས་དཔུང་སྡེར་སྐྱོད་གྲབས་སྐབས་རྨོ་བོའི་སྐྲ་སླ་བའི་གནས་ཚུལ་ཡིན་པ།

པ་སངས་སྒྲོལ་མ་ཁྱིམ་མི་རྣམས་དང་ཁ་གྱེས་ནས་དཔུང་སྡེར་སྐྱོད་པའི་གནས་ཚུལ་ཡིན་པ།

ཨ་མ་མཚམས་གཅོད་ལགས་ཀྱིས་པ་སངས་སྒྲོལ་མར་དམག་ཆས་གསར་པ་གཡོགས་ནས་མ་སྨད་གཉིས་ཀ་དགའ་སྤྲོས་ཁེངས་པའི་གནས་ཚུལ་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག