མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱིས་གྲོང་ཚོ་རིམ་པའི་ལས་བྱེད་པར་གསོ་སྦྱོང་བྱེད་པའི་བྱ་འགུལ་ཐོག་མ་སྤེལ་བ།

  ཡོང་ཁུངས། བོད་ལྗོམས་ཉིན་རེའི་ཚགས་པར།  2014-06-18 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱིས་གྲོང་ཚོ་རིམ་པའི་ལས་བྱེད་པར་གསོ་སྦྱོང་བྱེད་པའི་འཛིན་གྲྭ་སྐབས་དང་པོ་བསྡུས། ས་ཁུལ་ཡོངས་ཀྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི6331གསོ་སྦྱོང་ཁྲོད་ཞུགས་པ་རེད།

སྔར་ལས་ལྷག་པའི་སྒོ་ནས་གསོ་སྦྱོང་མི་སྣའི་མཐོང་རྒྱ་ཇེ་ཆེར་བཏང་ནས། བསམ་བློ་རྒྱ་བསྐྱེད་ཆེད། ནག་ཆུ་ས་ཁུལ་གྱིས་སློབ་མ་ཡོངས་རྫོགས་རྩ་འཛུགས་བྱས་ཏེ། ནག་ཆུ་རྫོང་ལྷོ་མ་གྲོང་རྡལ་གྲོང་ཚོ12ཀྱི་རོང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དང་། བོད་ལྗོངས་གློག་དྲ་འགྱངས་སྲིང་བཟོ་སྐྲུན། ལུང་ཡོན་རླུང་ནུས་གློག་འདོན་བཟོ་གྲྭ། ནག་ཆུ་ས་ཁུལ་རྩྭ་ཐང་ས་ཚུགས་ཀྱི་དཔེ་སྟོན་རྟེན་གཞི་སོགས་ལ་ལྟ་སྐོར་དང་རྟོག་ཞིབ་བྱས་པ་བརྒྱུད་དེ། སློབ་མ་རྣམས་ཀྱིས་སྒྲིག་འཛུགས་དང་འཁོར་སྐྱོད། དོ་དམ་བཅས་ཕྱོགས་ཀྱི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག