མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་མི་དམངས་ཉེན་རྟོག་པར་ཆེད་ལས་ལག་ཁྱེར་སྤྲོད་པའི་དུས་ཐེངས་དང་པོའི་འཛིན་གྲྭའི་སློབ་མཇུག་འགྲིལ་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-18 10:56

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ཉེན་རྟོག་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་ཆར་དུས་ཐེངས་དང་པོའི་བོད་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གྲངས་ཉུང་མི་རིགས་ཀྱི་མི་དམངས་ཉེན་རྟོག་པར་ཆེད་ལས་ལག་ཁྱེར་སྤྲོད་པའི་འཛིན་གྲྭའི་སློབ་མཇུག་འགྲིལ་བའི་མཛད་སྒོ་ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་དུ་འཚོགས་ཤིང་།སྤྱི་བདེ་པུའི་མི་དོན་སྦྱོང་བརྡར་ཅུས་དང་།བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་།སྤྱི་བདེ་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུགས་པ་རེད།བོད་རིགས་དང་།མོན་པ་རིགས།ལྷོ་པ་རིགས་སོགས་བོད་རིགས་ས་ཁུལ་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་མི་དམངས་ཉེན་རྟོག་པ་93ལ་དུས་ཡུན་ལོ་གཅིག་གི་གསོ་སྦྱོང་བྱས་པ་བརྒྱུད་ཆེད་ལས་ལག་ཁྱེར་སྤྲད་པ་རེད།

    གསོ་སྦྱོང་ནང་ཞུགས་པའི་སློབ་མི་ཚང་མ་ནི་བོད་ཀྱི་སྤྱི་བདེ་མྱུལ་ཞིབ་འཐབ་ཕྱོགས་དང་པོ་ནས་ཡོང་བ་ཤ་སྟག་ཡིན་ཞིང་།ཁོང་ཚོས“རྣམ་དག་དང་།འགན་ཁུར།མཐུན་སྒྲིལ།ལེགས་སྐྱེས”བཅས་བསམ་གཞིར་འཛིན་ཏེ་ཉེས་དོན་ཚན་རིག་ལག་རྩལ་དང་ཉེས་དོན་མྱུལ་ཞིབ་ཤེས་བྱ་ཧུར་ཐག་སྦྱངས་ཡོད་ཅིང་།གསོ་སྦྱོང་ནང་ཞུགས་པ་བརྒྱུད་ཁོང་ཚོའི་རྣམ་དག་གི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་སོང་ལ་ཉེས་དོན་མྱུལ་ཞིབ་དང་ཚན་རྩལ་བེད་སྤྱོད་ཀྱི་ནུས་པའང་ཆེ་རུ་སོང་ཡོད་པ་རེད།

    ཆེད་ལས་ལག་ཁྱེར་སྤྲོད་པའི་འཛིན་གྲྭ་གཉེར་དོན་ནི་སྤྱི་བདེ་པུའི་ཏང་ཨུད་ཀྱིས་གཞི་ཁྱོན་ཆེན་པོས་ལས་བྱེད་པ་གསོ་སྦྱོང་བྱེད་དགོས་པ་དང་ལས་བྱེད་པའི་བྱང་ཚད་ཇེ་མཐོར་གཏོང་དགོས་པའི་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་བོད་རིགས་ས་ཁུལ་གྱི་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པའི་བྱ་སྤྱོད་གལ་ཆེན་ཞིག་ཡིན་པ་དང་དེའི་རིང་བོད་ཀྱི་སྤྱི་བདེའི་ཆེད་ལས་ཤེས་ལྡན་པ་འཛུགས་སྐྱོང་བྱེད་པའི་ཐབས་ལམ་གསར་པ་ཞིག་བཏོད་ཡོད་པ་རེད།སླད་ཕྱིན་སྤྱི་བདེ་པུའི་ཆབ་སྲིད་པུས་ལོ་ལྟར་སྤྱི་བདེ་སློབ་ཆེན་ལ་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་མི་དམངས་ཉེན་རྟོག་པ་100གསོ་སྦྱོང་བྱ་རྒྱུའི་མངགས་བཅོལ་བྱ་རྒྱུ་དང་།ལས་བྲལ་གསོ་སྦྱོང་ལོ་གཅིག་བྱ་རྒྱུ།ཚད་ལོན་པར་ཆེད་ལས་ལག་ཁྱེར་སྤྲོད་རྒྱུ་རེད།ཀྲུང་གོ་ཉེས་དོན་ཉེན་རྟོག་སློབ་གླིང་གིས་ཀྱང་བྱེད་སྟངས་གཅིག་མཚུངས་སྤྱད་ནས་ལོ་ལྟར་ཤིན་ཅང་ལ་གྲངས་ཉུང་མི་རིགས་ཀྱི་མི་དམངས་ཉེན་རྟོག་པ་100གསོ་སྐྱོང་བྱ་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག