མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཐད་ལ་ཡང“སློབ་གསོ་ཐེབས་ཚད”དོན་གཉེར་བྱེད་དགོས།

རྩོམ་པ་པོ། ཁྲེན་ཅིང་གིས།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:56

    རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ནི་དམངས་ཡོངས་ཀྱི་སློབ་གསོ་ཞིག་ཡིན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཚང་མ་ལས་ཕུན་སུམ་ཚོགས་པའི་ལོ་རྒྱུས་དུམ་བུ་ཞིག་མངོན་གྱི་ཡོད་པས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཚང་མ་གསོན་ཉམས་ལྡན་པའི་ཀློག་དེབ་ལྟ་བུ་ཡིན། ང་ཚོས་རྒྱལ་གཅེས་རིང་ལུགས་དར་སྤེལ་གཏོང་བ་ནི་མི་རྣམས་ཀྱིས་ལོ་རྒྱུས་ཀྱི་རྒྱུ་ནོར་ཁྲོད་ནས་འབྱུང་རྩ་འཚོལ་བ་དང་། སྤྱི་ཚོགས་ཡར་ཐོན་ཁྲོད་ནས་སྟོབས་ཤུགས་ལེན་པ། མི་རབས་ནས་མི་རབས་ཀྱི་འབད་འཐབ་ཁྲོད་ནས་བློ་སྒོ་འབྱེད་ཐུབ་པ་བཅས་བྱ་རྒྱུ་དེ་ཡིན། ཉེ་ལམ་ལོ་ཤས་ནང་རང་ལྗོངས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ལས་མངོན་པའི་གསར་བརྗེའི་ལོ་རྒྱུས་ཀྱི་ཐོན་ཁུངས་ལ་བརྟེན་ནས་གསར་བརྗེའི་རྟེན་གཞིའི་ཡུལ་སྐོར་ཧུར་ཐག་སྤེལ་ནས་སློབ་གསོའི་ཐོན་ཁུངས་སྔོག་འདོན་དང་སློབ་གསོའི་ཁྱབ་རྒྱ་ཆེར་གཏོང་གིས་སྔ་རྗེས་སུ་སྤྱི་ཚོགས་ལ་རིན་མི་དགོས་པར་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང་སོགས་སྒོ་མོ་ཕྱེ་ནས་ལྟ་སྐོར་དང་ཡུལ་སྐོར་བྱེད་པའི་ཁྲོད་བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་གསོ་ཐེབས་པར་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཚོའི་བསམ་བློ་དང་རིག་གནས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱེད་པ་དང་འབྲེལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཤུགས་རྐྱེན་ཐེབས་ཤུགས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་ཡོད།

    རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞིའི་ལས་དོན་ཡག་པོ་བསྒྲུབས་ཚེ་ན་སོ་དར་ལ་མ་བབས་པའི་མིས་གལ་ཆེའི་ལོ་རྒྱུས་ཀྱི་དོན་རྐྱེན་དང་ཕུལ་བྱུང་རིག་གནས་ཤུལ་བཞག་ཁྲོད་དང་མི་དམངས་ཀྱིས་རང་སྲོག་བློས་གཏོང་ངང་འབད་འཐབ་བྱས་པའི་ལོ་རྒྱུས་ཁྲོད་རྒྱལ་གཅེས་ཀྱི་བརྩེ་སེམས་ཆེར་གཏོང་དང་། མི་རིགས་ཀྱི་སྙིང་སྟོབས་གསོ་སྐྱོང་། ཕུགས་འདུན་འཛུགས་པ། བསམ་བློའི་བྱང་ཚད་མཐོར་གཏོང་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་དང་མཐུན་པའི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་ཞིག་ཏུ་འགྱུར་བ་བྱེད་པར་རོགས་རམ་བྱེད་ཐུབ།

    མིག་སྔར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁོར་ཡུག་དང་ཆ་རྐྱེན་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པས་རང་ལྗོངས་ཀྱིས་དེ་སྔའི་བྱེད་ཐབས་ལེགས་པོ་དང་ཉམས་མྱོང་བཟང་པོ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག“ཉེ་བཅར་གསུམ”གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གཞི་རྟེན་དང་རྣམ་པ་གསར་གཏོད་དང་ཐབས་ལམ་རྒྱ་ཆེར་བཏང་སྟེ་སློབ་གསོ་བྱེད་སྒོའི་དངོས་ཕན་ཆེ་རུ་གཏོང་དགོས། མང་ཚོགས་རང་བཞིན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ནུས་ཤུགས་ཡོད་རྒུས་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི་ཡག་པོ་སྐྲུན་པ་དང་། སྲུང་སྐྱོབ་ཡག་པོ་བྱེད་པ། བེད་སྤྱོད་ཡག་པོ་བཅས་བྱས་ནས་མི་རིགས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་ཁྲོད་སློབ་གསོའི་རྟེན་གཞིའི་ནུས་པ་དངོས་འབྲེལ་འདོན་ཐུབ་པ་བྱས་ཏེ་གསར་བརྗེའི་ཐོན་ཁུངས་དེ་ང་ཚོའི་སྙིང་སྟོབས་འཕེལ་བ་དང་། ཡིད་ཆེས་བརྟན་གཏོང་། མཐུན་སྦྱོར་སྤྱི་ཚོགས་གཏོད་པ་བཅས་ཀྱི་ཟད་མཐའ་མེད་པའི་འབྱུང་རྩར་འགྱུར་བ་བྱེད་དགོས།

    སློབ་གསོ་ཐེབས་ཚད་ཅེས་པ་ནི་ཁྱབ་སྤེལ་བྱེད་སྒོས་བརྒྱུད་བསྒྲགས་བྱེད་པའི་ཆ་འཕྲིན་དང་ལེན་བྱེད་མཁན་མི་ཚོགས་ཀྱིས་ཁྱབ་སྤེལ་བྱ་ཡུལ་ཚང་མའི་ཁྲོད་དུ་བཟུང་བའི་བརྒྱ་ཆའི་བསྡུར་གྲངས་ལ་བརྗོད་ཅིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བྱེད་སྒོའི་ཁྲོད་སློབ་གསོ་ཐེབས་ཚད་ཆེ་རུ་བཏང་ཚེ་གཞི་ནས་སློབ་གསོའི་ཕན་འབྲས་དངོས་འབྲེལ་ཐོན་པ་དང་གནད་སྨིན་ཡོང་བའི་འགན་ལེན་བྱེད་ཐུབ།

    དེ་ཡང་དང་ཐོག་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས་ཤིང་། རྒྱལ་རྩེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞིའི་ཁྱད་ཆོས་ནི། ས་གནས་དེ་གའི་རིག་གནས་ཁྱད་ཆོས་དང་། ལོ་རྒྱུས་ཀྱི་ཁྱད་ཆོས། གསར་བརྗེའི་སྲོལ་རྒྱུན་གྱི་ཁྱད་ཆོས་བཅས་ལ་གཅིག་སྡུད་བྱས་ཆོག རང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཁག་གིས་རང་སོ་སོར་དམིགས་སུ་ལྡན་པའི་ཟུར་ཚད་ཀྱི་ཐོག་ནས་སློབ་གསོའི་ནང་དོན་རྒྱུན་ཆད་མེད་པར་འཐུས་ཚང་དང་ཕུན་སུམ་ཚོགས་སུ་བཏང་ནས་མི་རྣམས་ཀྱི་ཡིད་དབང་འགུགས་པ་དང་། སེམས་འགུལ་ཐེབས་པ། སློབ་གསོ་ཐེབས་པ་བཅས་བྱ་རྒྱུར་སྣང་ཆེན་བྱེད་དགོས། གཞན་ཡང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞིའི་ནང་དོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དུས་བསྟུན་འཕེལ་རྒྱས་ཀྱིས་ནམ་ཡིན་ཡང་ནང་དོན་གསར་པ་ཡོང་བ་བྱེད་ཐུབ་པ་བྱས་ཚེ་གཞི་ནས“སློབ་གསོ་ཐེབས་ཚད་ཅུང་མཐོ་པོ་ཡོང་བའི”འགན་ལེན་བྱེད་ཐུབ།

    (བསྟན་པས་བསྒྱུར)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག