མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞུང་ལམ་རྒྱ་ཆེར་ཕྱིན་། གྲོང་ཚོ་མཛེས་སུ་སོང་། —— ལྷོ་ཁ་ས་ཁུལ་གྱིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་བྱས་པའི་སྐོར་གྱི་དངོས་བྲིས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:55

འདི་ནི་ལྷོ་ཁའི་ཁོངས་ཀྱི་ཞིང་ཆེན་རིམ་པའི་གཞུང་ལམ་101གི་ལམ་དུམ་བུ་ཡིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགྲིམ་འགྲུལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་ས་ཁུལ་གྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་སྐྱེལ་འདྲེན་དྲ་བ་ཉིན་བཞིན་འཐུས་སྒོ་ཚང་དུ་བཏང་ཞིང་། 2013ལོའི་ལོ་མཇུག་བར་ས་ཁུལ་དེ་ཡོངས་ཀྱི་ཤང(གྲོང་རྡལ)69དང་སྒྲིག་གཞི་ཚང་བའི་གྲོང་ཚོ་179ལ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཤར་གཏོང་ཐུབ་ཚད་84.14%དང་32.31%སོ་སོར་ཟིན་ནས་ས་གནས་དེ་གའི་མི་རྣམས་ཕྱིར་སྐྱོད་བདེ་རུ་ཕྱིན་ཡོད་པ་རེད།

    ཕྱུག་པོ་ཆགས་དགོས་བསམས་ན་སྔོན་ལ་གཞུང་ལམ་བཟོ་དགོས།

    ལྷོ་ཁ་ས་ཁུལ་གྱིས་མ་ལམ་འབྲེལ་མཐུད་བྱས་པ་དང་ཆབས་ཅིག་གྲོང་གསེབ་ཀྱི་གཞུང་ལམ་ལ་བཟོ་བཅོས་ཆེན་པོ་བརྒྱབ་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲག་རྩ་ལྟ་བུའི་གཞུང་ལམ་ཤར་སྐྱོད་ཐུབ་པར་བྱས་པ་དང་མི་སེར་ཚོ“ཕྱིར་བསྐྱོད་དཀའ་བའི”གནད་དོན་ཐག་གཅོད་བྱས་ཤིང་། 2008ལོར་རྫོང་དང་། ཤང(གྲོང་རྡལ) སྲིད་འཛིན་གྲོང་ཚོ་བཅས་100%ལ་ཤར་བགྲོད་ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་པ་དང་། 2013ལོའི་ལོ་མཇུག་བར་རྫོང་11དང་། ཤང(གྲོང་རྡལ)69 སྲིད་འཛིན་གྲོང་ཚོ་179བཅས་ལ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཤར་གཏོང་ཐུབ་ཚད་91.67%དང་། 84.14% 32.31%བཅས་སོ་སོར་ཟིན་པ་དང་། སྣེ་གདོང་དང་འཕྱོངས་རྒྱས་རྫོང་གཉིས་ཀྱི་ཤང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་ནས་ལྗོངས་ཡོངས་ཀྱི་ས་ཁུལ་གྲོང་ཁྱེར་ཁག་གི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་ས་ཁུལ་གྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་བདེ་སྐྱིད་བསྐྲུན་རྒྱུར་བརྩིས་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་རིང་ལྷོ་ཁ་ས་ཁུལ་འགྲིམ་འགྲུལ་སྡེ་ཚན་གྱིས་ཕྱོགས་གཅིག་ནས་ལས་གྲྭའི་ནང་ཞིང་འབྲོག་པ་ཧུར་ཐག་བསྡུས་པ་དང་། ཕྱོགས་གཞན་ཞིག་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཞིང་འབྲོག་པའི་རང་བརྟེན་ནུས་པ་སྐྱེད་སྲིང་ཧུར་ཐག་བྱས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ལྗོངས་འགྲིམ་འགྲུལ་གཞུང་ལམ་དོ་དམ་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྷོ་ཁ་ས་ཁུལ་གྱིས་གཞུང་ལམ་ལས་གྲྭའི་ཞིང་འབྲོག་ཨར་པོ་བའི་གསོ་སྦྱོང་འཛིན་གྲྭ་ཐེངས་གསུམ་གཉེར་བ་དང་གསོ་སྦྱོང་ནང་ཞིང་འབྲོག་པ་1000ཙམ་ཞུགས་ཡོད་པ་དང་། ཁོང་ཚོར“བརྒྱུད་རོགས་ཁྲིད་གསུམ”གྱི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་ལམ་བཟོ་རུ་ཁག་དང་འཕྲུལ་ཆས་རུ་ཁག་མང་དག་ཅིག་སྐྱེད་སྲིང་བྱས་པས། ཞིང་འབྲོག་པའི་ངལ་རྩོལ་རྩལ་ནུས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཏེ་མང་ཚོགས་ཚོའི་ཕྱུག་འགྱུར་ཡིད་ཆེས་ཆེ་རུ་ཕྱིན་ཡོད་པ་རེད།

    འཛུགས་སྐྲུན་བྱེད་དགོས་ལ་དེ་བས་ཀྱང་བདག་སྐྱོང་བྱེད་དགོས།

    “མི་རབས་ནས་མི་རབས་བར་གྱི་བསམ་འདུན་གྲུབ་པས་ང་ཚོས་དེ་བས་གཅེས་སྤྲས་བྱེད་དགོས། གཞུང་ལམ་ནི་ཚང་མའི་ཡིན་པས་དེར་ཚང་མས་བདག་སྐྱོང་བྱེད་དགོས”ཞེས་ལོ་བཅུ་གྲངས་ཁ་ཤས་འདམ་རྫབ་ཀྱིས་ཁེངས་པའི་རི་ལམ་ཐོག་སྐྱོད་པའི་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་གྱི་བགྲེས་སོང་པད་མ་རྡོ་རྗེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    ངག་རྒྱུན་དུ་གཞུང་ལམ“བཅུ་ཆ་གསུམ་འཛུགས་སྐྲུན་དང་བཅུ་ཆ་བདུན་བདག་སྐྱོང་བྱེད་དགོས”ཞེས་ཤོད་སྲོལ་ཡོད། གྲོང་གསེབ་ཀྱི་གཞུང་ལམ་ཉམས་བཟོ་བྱས་རྗེས་ལྷོ་ཁ་ས་ཁུལ་འགྲིམ་འགྲུལ་སྡེ་ཚན་གྱིས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་བྱ་རྒྱུའི་ཐད་དགེ་མཚན་ལྡན་པའི་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་སྣང་ཆེན་དང་བདག་སྐྱོང་ལ་སྣང་ཆུང་བྱེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་དང་ཆབས་ཅིག་འཚོ་བར་དཀའ་ངལ་ཡོད་པའི་དུད་ཚང་གི་ངལ་རྩོལ་ནུས་ཤུགས་བདག་སྐྱོང་དཔུང་ཁག་ནང་འཇུག་གང་ཐུབ་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་ནང་ཞིང་འབྲོག་པ་ཧུར་ཐག་བསྡུས་པ་བརྒྱུད་ལོ་ཧྲིལ་པོར་ཞིང་འབྲོག་མང་ཚོགས་ལ་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་1.6འཕར་ཡོད་པ་རེད།

    ད་ཆ་ལྷོ་ཁའི་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ནས་བགྲོད་ལམ་རྒྱ་ཆེ་རུ་ཕྱིན་པ་དང་། གྲོང་ཚོའི་རྣམ་པ་མཛེས་སུ་ཕྱིན་ནས་ཞིང་པ་རྣམས་དགའ་སྤྲོ་སྐྱེ་འོས་པ་ཞིག་ཏུ་གྱུར་ཡོད་པ་རེད།

    གང་དུ་བསྐྱོད་ཀྱང་སྟབས་བདེ་བ།

    “སྔོན་ཆད་ང་ཚོར་སྦག་སྦག་མ་གཏོགས་འགྲིམ་འགྲུལ་ཡོ་བྱད་གང་ཡང་མེད་པའི་ཁར་གཞུང་ལམ་འབར་འབུར་ཆེ་བས་སྟབས་གཏན་ནས་བདེ་པོ་མེད། ད་ཆ‘གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར’ཡོད་པས་རྒན་རྒོན་ཡིན་ནའང་འདྲ། ཡང་ན་བྱིས་པ་ཡིན་ནའང་འདྲ། གང་ལྟར་ཚང་མ་ཕྱིར་སྐྱོད་སྐབས་སྟབས་ཧ་ཅང་བདེ་པོ་ཡོད། གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་རྗེས་ང་ཚོས་བྱ་བ་གང་ཞིག་སྒྲུབ་དགོས་བསམ་ཡང་སྟབས་དེ་བས་བདེ་རུ་ཕྱིན་ཡོད། བོད་བྱའི་སྒོ་ང་འཚོང་རྒྱུ་ནི་ངའི་ཁྱིམ་གྱི་དཔལ་འབྱོར་ཡོང་འབབ་གཙོ་བོ་ཡིན། ད་ཆ་གཞུང་ལམ་ཡག་ཏུ་ཕྱིན་པས་ང་ཚོའི་སྒོ་ང་ཉོ་མཁན་གྱི་ལག་ཏུ་འབྱོར་སྐབས་གཞི་རྩའི་ཆ་ནས་ཆག་སྐྱོན་ཤོར་གྱི་མི་འདུག ཉོ་མཁན་དགའ་པོ་བྱུང་ན་ང་ཚོ་ཡང་དགའ་པོ་འདུག”ཅེས་ཆུ་གསུམ་རྫོང་ཤག་བྱང་ཤང་རྫིང་སྒང་གྲོང་ཚོའི་གྲོང་མི་ངག་དབང་རྡོ་རྗེས་བཤད།

    “གཞུང་ལམ་ཤར་གཏོང་ལས་གྲྭས་ཕྱིར་བསྐྱོད་རྒྱུར་སྟབས་བདེ་བསྐྲུན་པ་ཙམ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཐོན་ལས་གང་མགྱོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་དེ་རེད”ལྷོ་ཁ་ས་ཁུལ་གྱི་ཀྲོན་ཡོན་གཞོན་པ་སྐལ་བཟང་གིས་ཉེ་བའི་ལོ་ཤས་རིང་ལྷོ་ཁ་ས་ཁུལ་གྱིས་དམངས་ཕྱུག་བསམ་ཕྱོགས་སྔར་བས་ལེགས་སྒྲིག་བྱས་ཏེ་གཞུང་ལམ་གཞི་རྟེན་དུ་བྱས་ནས་ལས་རིགས་སྣ་ཚོགས་དར་རྒྱས་གཏོང་རྒྱུ་སྣེ་ཁྲིད་ཀྱིས་མང་ཚོགས་ཚོར་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏང་བས་གཞུང་ལམ་གང་དུ་ཤར་གཏོང་ཐུབ་ཡོད་ན། དེ་གའི་མང་ཚོགས་སྔོན་ལ་ཕྱུག་པོ་ཆགས་པའི་རྣམ་པ་ཞིག་མངོན་ཡོད་ཅེས་ངོ་སྤྲོད་བྱས།

    ད་ཆ་ཡངས་ཤིང་རྒྱ་ཆེ་བའི་ལྷོ་ཁར་སྐྱོད་སྐབས་ཁོད་སྙོམས་ལ་གཙང་སྦྲ་དོད་པའི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་མཐོང་རྒྱུ་ཡོད། རྒྱལ་ཁབ་རིམ་པའི་གཞུང་ལམ་དང་། ཞིང་ཆེན་རིམ་པའི་གཞུང་ལམ། རྫོང་རིམ་པའི་གཞུང་ལམ། ཤང་རིམ་པའི་གཞུང་ལམ། གྲོང་ཚོ་རིམ་པའི་གཞུང་ལམ་ཕན་ཚུན་ཤར་གཏོང་ཐུབ་ནས་དེ་ཞིང་པར་འབབ་འཕར་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཕྱུག་འགྱུར་བགྲོད་ལམ་ཞིག་ཏུ་གྱུར་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག