མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མཚོ་སྣ་རྫོང་གིས། དམངས་འཚོའི་འདུ་འགོད་གལ་ཆེན་ལ་ཞིབ་བཤེར་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:55

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་མཚོ་སྣ་རྫོང་སྲིད་གཞུང་སོགས་འབྲེལ་ཡོད་ཚན་པའི་ལས་དོན་མི་སྣ་ལས་གྲུབ་པའི་ཞིབ་བཤེར་ཚོགས་ཆུང་གིས་སྦྱོར་ར་དང་མཁར་ལྟག་ཤང་གཉིས་སུ་འདི་ལོའི་དཔྱིད་ཀའི་ཤིང་འཛུགས་ནགས་བཟོའི་གནས་ཚུལ་དང་། སྦྱོར་རའི་ལོ་ལེགས་ཆུ་རགས་ཀྱི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་གྱི་གནས་ཚུལ་དང་དེ་བཞིན་ས་གཤིས་གནོད་འཚེའི་ཁུལ་གྱི་རང་བྱུང་གྲོང་ཚོ་གསུམ་ཁྱོན་ཡོངས་ནས་གནས་སྤོའི་ལས་དོན་གྱི་འཕེལ་རིམ་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་ཚོགས་ཆུང་གིས་ས་གཤིས་གནོད་འཚེའི་ཁུལ་ལས་ཁྱོན་ཡོངས་ནས་གནས་སྤོའི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཡུལ་དངོས་སུ་ལས་དོན་གྱི་འཕེལ་རིམ་ལ་ཞིབ་བཤེར་བྱས་པ་མ་ཟད། རྣམ་གྲངས་བཀོད་འདོམས་པུའི་ཉེ་དུས་ཀྱི་ལས་དོན་འཕེལ་རིམ་གྱི་སྙན་སེང་ཉན་པ་རེད། རྣམ་གྲངས་བཀོད་འདོམས་པུའི་ལས་དོན་མི་སྣས་བཅའ་སྡོད་ས་ཚིགས་སུ་ལས་དོན་སྤེལ་ཚུན་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བས་རྣམ་གྲངས་འཛུགས་སྐྲུན་གྱི་སྔོན་འགྲོའི་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་ལེན་ཐུབ་ཡོད་པ་རེད།

    མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ས་གཤིས་གནོད་འཚེའི་གནས་སྤོའི་ཐད་ཀྱི་ཏང་དང་སྲིད་གཞུང་གི་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་རོགས་སྐྱོར། རྣམ་གྲངས་ཀྱི་མ་དངུལ་གྲབས་གསོག་བཅས་བརྩོན་ལེན་ཧུར་ཐག་བྱེད་པ་དང་། སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་གནས་སྤོ་ཁུལ་གྱི་མང་ཚོགས་ལ་ཐེངས་འདིའི་ཁྱོན་ཡོངས་ནས་གནས་སྤོ་བྱེད་པར་འཚམ་པའི་ཁྱབ་ཁོངས་དང་། མ་དངུལ་གྲབས་གསོག་བྱ་ཐབས། གནས་སྤོས་རྗེས་ཀྱི་དོ་དམ་བྱ་ཐབས་སོགས་ཀྱི་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱི་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པ། ལས་ཡུལ་དངོས་ཀྱི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཨར་ལས་ཚན་པར་ཨར་ལས་རྒྱུ་ཆ་དང་། ལག་ཆ། འཕྲུལ་འཁོར་བཅས་གོ་རིམ་ལྡན་པའི་སྒོ་ནས་འཇོག་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཨར་ལས་བྱ་ཡུལ་གོ་རིམ་ལྡན་པ་ཞིག་ཡོང་རྒྱུ་འགན་ལེན་དང་མཐའ་འཁོར་གྱི་མང་ཚོགས་ཚོའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་མི་ཐེབས་པ་བྱེད་པ། རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་ཏེ་ལས་གྲྭའི་རྒྱུ་ཆའི་འགག་སྒོ་དང་། མ་འཇོག་གི་འགག་སྒོ། ལས་རིམ་འགག་སྒོ། འཕེལ་རིམ་འགག་སྒོ་སོགས་ནན་པོ་སྲུང་བ། ལས་དོན་གྱི་འགན་འཁྲི་སྔར་བས་ལག་བསྟར་བྱེད་པ་དང་རྣམ་གྲངས་བཀོད་འདོམས་པུའི་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་ཏེ་རྣམ་གྲངས་ཀྱི་གྲུབ་ཆ་དང་། སྤུས་ཚད། ལས་ཡུན། མ་རྩ་སོགས་ལྷུ་ཚིགས་ཁག་ཁྱོན་ཡོངས་ནས་ཁོང་དུ་ཆུད་དེ་ལས་དོན་དེ་དམངས་འཚོའི་འདུ་འགོད་དང་ཕན་སྦྱར་ལས་གཞིར་འགྱུར་བ་བཅས་བྱ་རྒྱུ་ཡིན་པ་རེད།

    (ཉི་མ་ཚེ་རིང་གིས་བསྒྱུར། བཀྲ་ཤིས་དང་རིག་རྡོར་གྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག