མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཕྲུ་གུ་བཅུ་གསུམ་གྱི“ཨ་མ”

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:53

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ནི་དངོས་འབྲེལ་ཆེས་མཛེས་སྡུག་ལྡན་པའི་ཁྱིམ་ཚང་ཞིག་ཡིན་ལ། མིང་དོན་མཚུངས་པའི་མཛེས་སྡུག་ལྡན་ཤོས་ཀྱི“ཁྱིམ་ཚང་ཆེ་མོ”ཞིག་རེད། ཁོང་གཉེན་སྒྲིག་གནང་མྱོང་མེད་ཀྱང་། ཕྲུ་གུ་བཅུ་གསུམ་གྱི“ཨ་མ”ཞིག་ཀྱང་རེད།

    2000ལོའི་ཟླ་10པར་ལོ་29ལ་སོན་པའི་སྒྲོལ་དཀར་གྱིས་ལྷ་སའི་SOSབྱིས་པའི་གྲོང་ཚོའི་གདན་ཞུའི་ཆ་འཕྲིན་མཐོང་རྗེས། རང་མོས་ངང་མིང་ཐོ་བཀོད་ནས་སྐྱེད་མའི་བྱམས་སེམས་མཁོ་ཤོས་ཀྱི་ས་ཆ་དེར་བསྐྱོད། བྱིས་པའི་གྲོང་ཚོར་ཁྱིམ་ཚང་17ཡོད་པ་དང་། ཁྱིམ་ཚང་རེར“ཨ་མ”གཅིག་དང་ལོ་ན་དང་ཕོ་མོ་མི་འདྲ་བའི་ཕྲུ་གུ་ཁ་ཤས་ལས་གྲུབ་པ་ཞིག་ཡིན་ཞིང་། སྒྲོལ་དཀར་ནི་ཁྱིམ་ཚང་གསུམ་པའི“ཨ་མ”ཡིན།

    ལོ་14འདས་ཟིན་པ་དང་ཕྲུ་གུ་བཅུ་གསུམ་དེ་དག་གིས་སྒྲོལ་དཀར་རང་ཉིད་ཀྱི་ཨ་མ་ངོ་མར་བརྩིས་པས་དར་མའི་ལོ་ཚོད་ལ་སླེབས་པའི“ཨ་མ”དེར་

    སེམས་གསོ་ཆེན་པོ་བྱུང་། ད་ཆ་ཁོང་གི་ཞིབ་ཚགས་པའི་ལྟ་རྟོག་འོག་ཁྱིམ་ཚང་ཨང་གསུམ་པ་དེ་མི་14ལས་གྲུབ་པའི་ཁྱིམ་ཚང་ཆེ་མོ་ཞིག་ཏུ་གྱུར་བ་དང་། སྒྲོལ་དཀར་གྱིས“ཕྲུ་གུ་ཚོ་ཁ་ལ་ཧ་ཅང་ཉན་ལ་འཆམ་པོ་ཡོད། ལོ་21ལ་སོན་པའི་ཕྲུ་གུ་རྒན་པ་འཇིགས་མེད་དང་ཕྲུ་གུ་ཨང་གཉིས་པ་ལྷ་མོ་གཡུ་སྒྲོན་གཉིས་ནང་སའི་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། དེ་བྱིངས་ཀྱི་གཅུང་མོ་དྲུག་དང་གཅུང་པོ་ལྔ་ཚང་མས་རང་སོ་སོའི་སློབ་གྲྭར་སློབ་སྦྱོང་ཧུར་ཐག་བྱས་ནས་འཚར་ལོངས་ཡོང་བཞིན་ཡོད”ཅེས་གསར་འགོད་པར་བརྗོད།

སྒྲོལ་དཀར(གཡོན་གྱི་དང་པོ)དང་ཕྲུ་གུ་ཁག་གཅིག་མཉམ་དུ་བརྒྱབ་པའི་པར་ཡིན་པ།

ཕྲུ་གུ་བརྒྱད་པ་ཚེ་རིང་སྐྱིད་ལགས་ཀྱིས“ཨ་མའི”སྐྲ་དཀར་འགོག་པའི་གནས་ཚུལ་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག