མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཨ་མདོ་རྫོང་སློབ་འབྲིང་དུ་སྨྱན་མང་སློབ་ཁྲིད་འཛིན་གྲྭ་ཀུན་ཏུ་ཁྱབ་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:53

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་ཨ་མདོ་རྫོང་སློབ་འབྲིང་གིས་སྨྱན་མང་དཀར་པང་གི་སློབ་ཁྲིད་ཀྱི་སྒྲིག་ཆས་ཆ་ཚང་28སྤྱོད་འགོ་བརྩམས་པས། སློབ་ཁྲིད་ཀྱི་ཆ་རྐྱེན་ཐད་ལ་ལེགས་བཅོས་མངོན་གསལ་དོད་པོ་བྱུང་སྟེ་སློབ་ཁྲིད་ཆ་འཕྲིན་ཅན་དང་དེང་རབས་ཅན་དུ་འགྱུར་ཡོད་པ་མ་ཟད། འཛིན་རིམ་ཁག་གིས་ཀྱང་སྨྱན་མང་དཀར་པང་གི་སློབ་ཁྲིད་སྒྲིག་ཆས་སྤྱོད་སྟངས་རྟོགས་ཡོད་པ་མ་ཟད། བྱང་ཆུབ་པའི་སྒོ་ནས་སྤྱོད་བཞིན་ཡོད་པས། སྨྱན་མང་དཀར་པང་འཛིན་གྲྭ་ཀུན་ཏུ་ཁྱབ་ཡོད་པ་རེད།

    ཤེས་རྟོཌ་བྱུང་བར་གཞིཌ་ན། ན་ནིང་ལོ་མཇུག་ཏུ་ནག་ཆུ་ས་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་མ་དངུལ་སྒོར་ཁྲི་96.59བཏང་ནས་ཨ་མདོ་རྫོང་སློབ་འབྲིང་ལ་སྨྱན་མང་དཀར་པང་གི་སློབ་ཁྲིད་སྒྲིག་ཆས་ཆ་ཚང་28སྒྲིག་སྦྱོར་བྱས་པ་རེད།

    སྨྱན་མང་དཀར་པང་ནི་དོན་དངོས་སུ་གློག་ཀླད་དང་སྦྲེལ་བའི་རེག་ཡོལ་ཆེན་པོ་ཞིག་ཡིན་ལ་མཉམ་འགུལ་གྲིབ་བརྙན་མ་ལག་བརྒྱུད་ནས་དགེ་རྒན་དང་སློབ་མ་དག་ཕབ་གཞོང་གི་འཆིང་རྒྱ་ལས་ཐར་ནས་མཛུབ་མོའམ་དཀར་པང་སྨྱུ་གུས་ཐད་ཀར་དཀར་པང་དུ་འབྲི་བའམ། གདམ་པ། འབྲེལ་མཐུད། རྩོམ་སྒྲིག མཆན་འདེབས་སོགས་བྱེད་ཆོག་པས་མི་འཕྲུལ་མཉམ་སྤྱོད་དང་། དགེ་སློབ་མཉམ་འགུལ། སློབ་མ་ཀུན་མཉམ་འགུལ་བཅས་ཡོང་བར་ལས་སྟེགས་ཡག་པོ་ཞིག་བཏོན་ཡོད་ཅིང་། དེ་དང་ཆབས་ཅིག་མ་ལག་གིས་ད་དུང་འཐབ་ཕྱོགས་དང་པོའི་སློབ་ཁྲིད་བྱེད་སྒོར་མཉམ་འགུལ་སློབ་ཆས་མ་ལག་ཕུན་སུམ་ཚོགས་པོ་ཞིག་ཇུས་འགོད་བྱས་ཡོད་པ་དང་། ཐད་མཐོང་གི་སློབ་ཆས་ཐོན་ཁུངས་དེས་སློབ་མ་མཉམ་ཞུགས་ཀྱི་ཧུར་བརྩོན་སྔར་བས་སྐོང་འཐེན་ཐུབ་པ་དང་། སློབ་ཚན་ཀུན་ལ་མཉམ་འགུལ་དང་ཕན་པ་བྱུང་ནས་གསོན་ཤུགས་དང་སྤྲོ་སྣང་གིས་ཁེངས་བཞིན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག